
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ན73ལ་སོན་ཡོད་པའི་ཨ་མ་ལོ་ལོན་སྒྲོལ་མ་དང་མོའི་འདུག་རོགས་གཉིས་ཀྱིས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་གཡང་ཐང་རྩྭ་་ཐང་དུ་ས་གདན་འཐག་བཞིན་པའི་ཚུལ་རེད། ལག་ཤེས་བསླས་འཐག་ནི་བོད་རིགས་སྲོལ་རྒྱུན་གྱི་ལག་ཤེས་ཡིན་པ་དང་། ད་ལྟ་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་མང་ཆེ་ཤས་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་བྱེད་བཞིན་ཡོད་པས། ལག་ཤེས་ནུས་རྩལ་འདི་དག་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད། ཨ་མ་ལོ་ལོན་སྒྲོལ་མས་བཤད་རྒྱུར། སྔོན་ཆད་བོད་རིགས་མང་ཚོགས་ཀྱིས་འཐག་པའི་ས་གདན་ཉིན་མོར་ཆར་འགོག་ནུས་པ་དང་། མཚན་མོར་མལ་ཐུལ་བྱེད་ནུས། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ཆར་ལྭ་དང་མལ་ཐུལ་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་སོང་ཞིང་། བོད་རིགས་ས་ཁུལ་དུ་ས་གདན་འཐག་ཤེས་པའི་ན་གཞོན་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། མོས་སྲོལ་རྒྱུན་ཀྱི་ལག་ཤེས་འདི་ཉམས་རྒུད་དུ་འགྲོ་བར་སེམས་ཁུར་བྱེད་ཀྱིན་ཡོད་པ་རེད། །