མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི4200སྤྲད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-04 10:51

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། རྫོང་དེས་ད་ལོའི་ལོ་སྟོད་ཀྱི་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་དང་ཟླ1པོ་ནས་ཟླ5པའི་བར་གྱི་གྲོང་རྡལ་གྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་སྤྲད་པའི་ལས་ཀ་ལེགས་འགྲུབ་བྱུང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས64441གིས་དགའ་སྤྲོའི་ངང་འགན་སྲུང་དངུལ་སྒོར་ཁྲི4207.9742ལེན་པ་རེད།

ལོ་སྟོད་ཀྱི་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་སྤྲད་པ་དང་།2013ལོའི་མི་རེའི་ཆ་སྙོམས་ཚད་གཞི་ཟླ་རེར་སྒོར10གསབ་འགྲེམས་བྱས་ཤིང་།མི་རེར་ཆ་སྙོམས་ལོ་ཧྲིལ་པོར་སྒོར120ཡོད།དེ་མ་ཟད2013ལོར་མི་རེར་ཟླ་བ་གཉིས་ཀྱི་གནས་སྐབས་རིན་གོང་གསབ་དངུལ་སྒོར20སྤྲད་ཡོད་ལ་གྲོང་གསེབ་ཀྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་ཁྱོན་བསྡོམས་སྒོར་ཁྲི3458.256སྤྲད་ཡོད།འགན་སྲུང་པའི་མི་སྣ59005ལ་སླེབས་ཡོད།ཟླ1པོ་ནས་ཟླ5པའི་བར་གྱི་གྲོང་རྡལ་གྱི་ཆེས་དམའ་འཚོ་བའི་འགན་སྲུང་དངུལ་སྒོར་ཁྲི749.7182སྤྲད་ཚར། འགན་སྲུང་དུད་ཚང3570དང་མི་སྣ5436སླེབས་པ་རེད།

དྲང་པོ་དང་མངོན་གསལ་ངང་ལག་བསྟར་བྱེད་པ་དང་།འགུལ་རྣམ་གྱི་དོ་དམ་རིམ་གྱིས་ཇེ་དྲག་ཏུ་གཏང་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་གྲོང་རྡལ་དང་གྲོང་མིའི་ཨུ་ཡོན་ལྷན་ཁང(སྡེ་ཁུལ)གྲོང་མིའི་ཚོ་ཆུང་བཅས་སོ་སོ་ལ་གཏན་འཇགས་ཀྱི་སྤྱི་བསྒྲགས་བྱེད་སར་གསལ་སྟོན་བྱེད་དགོས་པ་དང་།མང་ཚོགས་ཀྱིས་ལྟ་ཞིབ་བྱེད་པར་སྟབས་བདེ་སྤྲོད་རྒྱུའི་བླང་བྱ་བཏོན་ཞིང་།ད་དུང་ཁུལ་དང་རྫོང་། ཤང་བཅས་རིམ་པ་གསུམ་གྱི་དམངས་སྲིད་སྡེ་ཁག་གི་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆེས་དམའ་འཚོ་བའི་འགན་སྲུང་ལས་ཀ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་གྱུར་ཡོད་པས།གཞི་རྩའི་ཐོག་ནས“བསྲུང་འོས་པ་ཡོངས་སྲུང་བྱ་རྒྱུའི”དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག