ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། དཀོན་པོ་རྩ་ཆེའི་སྡོང་ཕུང་ས་བོན་ཏེ་འབའ་ལུང་རྫོང་སྡོང་ཕུང་སྔོ་པོའི་མིའི་ཐབས་ཀྱི་མཚན་ཡོད་རྒྱུད་སྤེལ་ལ་གྲུབ་འབྲས་ཐོབ་པས། སྡོང་ཕུང་སྔོ་པོའི་འཇིག་ཉེའི་ས་བོན་གྱི་སྲུང་སྐྱོང་དང་གསར་སྤེལ་ལས་ཀའི་ལེ་ཚན་གསར་པ་གཏོད་པ་རེད།
ངོ་སྤྲོད་བྱས་པ་ལྟར་ན། སྡོང་ཕུང་སྔོ་པོ་ནི་དཀོན་པོ་རྩ་ཆེའི་སྡོང་ཕུང་ས་བོན་ཞིག་ཡིན་ལ། སྨན་ནུས་ཀྱི་གྲུབ་ཆ་གཙོ་བོ་སྟེ་སྡོང་ཕུང་རྒྱུའི་འདྲེས་ཚད་ནི་སྡོང་ཕུང་དམར་པོ་སོགས་སྡོང་ཕུང་ས་བོན་གཞན་པ་ལས་མང་ཞིང་། མིག་སྔར། འབའ་ལུང་གི་རི་སྐྱེས་སྡོང་ཕུང་སྔོ་པོའི་ས་བོན་ཕལ་ཆེར་རྒྱུན་ཆེད་ལ་ཉེ་ཡོད།ཨ་ཁེ་ཅི་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིས་མཚན་ཡོད་ལག་རྩལ་སྤྱད་ནས་རྒྱུད་སྤེལ་ལེགས་འགྲུབ་བྱུང་བའི་འབའ་ལུང་སྡོང་ཕུང་སྔོ་པོའི་མཐོ་ཚད་སྨི1.5ཡོད། སྡོང་རྐང་གི་ཁ་མདོག་ལྗང་ནག་དང་། མེ་ཏོག་ལྗང་སེར།འབྲས་བུ་སྒོར་སྒོར་དང་ལྗང་སྐྱ་ཡིན། ཞིབ་འཇུག་དང་གསར་སྤེལ་དུ་ཞུགས་པའི་འབའ་ལུང་རྫོང་ལི་སུའུ་རིགས་ཀྱི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཙི་ཆང་གིས་འབའ་ལུང་གིས་སྡོང་ཕུང་སྔོ་པོའི་མཚན་ཡོད་རྒྱུད་སྤེལ་བྱས་རྗེས། དཀོན་པོ་རྩ་ཆེའི་ས་བོན་འདིར་ནུས་པ་ཐོན་པའི་སྒོ་ནས་སྲུང་སྐྱོང་བྱས་པའི་མཉམ་དུ། ཞིང་པའི་དབུལ་ཐར་ཕྱུག་འགྱུར་གྱི་ཁྱད་ལྡན་ཐོན་ལས་དང་ཐོན་རྫས་སུ་འགྱུར་རྒྱུ་རེད་ཅེས་ཟེར་བ་རེད། །