ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཟླ་དཀྱིལ་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་བླང་བྱར་གཞིགས་ནས། གསར་སྤེལ་ཆུས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་སྣེ་ཁྲིད་བྱས་ཏེ། མངའ་ཁོངས་ནང་གི་གལ་ཆེའི་སྦགས་བཙོག་དངོས་རིགས་འབུད་པའི་ཁེ་ལས་ལ་ལོ་སྟོད་ཀྱི་འབུད་རིན་སྙན་ཞུ་ཐོ་འགོད་དང་། ཞིབ་བཤེར་གཏན་འབེབས། བསྡུ་ལེན་བཅས་བྱས་ཤིང་། ནན་ཏན་གྱིས་སྦགས་བཙོག་དངོས་རིགས་འབུད་གཏོང་ཉུང་འཕྲིའི་ལས་ཀ་ཡག་པོར་བསྒྲུབས་པ་རེད།
སྦགས་བཙོག་འབུད་པའི་སྙན་སེང་ཞུ་བར་དམ་འཛིན་བྱས་ནས། དོན་དངོས་གོང་ཞུ་ཚད་ལྡན་ཅན་དུ་བཏང་བ། མངའ་ཁོངས་ནང་གི་ཁེ་ལས་ཡོངས་ལ་སྦགས་བཙོག་དངོས་རིགས་འབུད་པར་བདག་བཅོས་བྱེད་པའི་ཡིག་ཚགས་བཙུགས་པ། ཁེ་ལས་ཀྱི་སྔར་ལོར་སྦགས་བཙོག་དངོས་རིགས་འབུད་པའི་བདག་བཅོས་ཐད་འཇོག་པའི་མ་དངུལ་དང་སྒྲིག་ཆས། བདག་གཉེར་གཞི་ཁྱོན་དང་སྦགས་གཙོག་དངོས་རིགས་གཙོ་བོ་འབུད་པའི་སྣ་རིགས་དང་འབུད་ཚད་བཅས་གསལ་པོར་བཟོས་པ། དུས་མཚུངས་སུ་སྦགས་བཙོག་དངོས་རིགས་འབུད་པའི་སྙན་ཞུའི་ཐོ་འགོད་རེའུ་མིག་འོག་རིམ་ལ་སྤྲད་དེ། ཕྱོགས་ཡོངས་སུ་དོན་དངོས་གོང་ཞུ་དང་ལུགས་མཐུན་ངང་བསྡུ་ལེན་བྱས་ཡོད།
ནན་ཏན་གྱིས་སྦགས་བཅོག་འབུད་པའི་སྙན་ཞུའི་གོ་རིམ་ཚད་ལྡན་ཅན་དུ་བཏང་ནས། ཁྲིམས་ལྟར་བསྡུ་ལེན་བྱེད་པ་དང་། ནན་ཏན་གྱིས་རྒྱལ་ཁབ་ཀྱི《སྦགས་བཙོག་འབུད་རིན་བསྡུ་ལེན་དང་བེད་སྤྱོད་དོ་དམ་སྲོལ་ཡིག》དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། སྦགས་བཙོག་འབྱུང་ཁུངས་ཀྱི་སྦགས་བཙོག་འབུད་པའི་ཁེ་ལས་ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་། ཞིབ་བཤེར་གཏན་འབེབས་དང་བསྡུ་ལེན་བྱས་པའི་ཁེ་ལས་14ཡོད། 《སྦགས་བཙོག་འབུད་རིན་འཇལ་བའི་བརྡ་ཡིག》11འོག་རིམ་ལ་སྤྲད་པ། ཞིབ་བཤེར་གཏན་འབེབས་བྱས་པའི་སྦགས་བཙོག་འབུད་རིན་ཁྱོན་བསྡོམས་སྒོར་ཁྲི14.26ཡོད། སྔོན་རྩིས་བྱས་པ་ལྟར་ན་ཟླ7པའི་ཟླ་དཀྱིལ་དུ། ལོ་སྟོད་ཀྱི་སྦགས་བཙོག་འབུད་རིན་བསྡུ་ལེན་བྱེད་ཚར་རྒྱུ་རེད། །