མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་གྲོང་གསེབ་གྱི་འདམ་བག་ལམ13 ཨར་འདམ་ལམ་དུ་བསྒྱུར་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་གྲོང་གསེབ་གྱི་གཞུང་ལམ13གྱི་ལམ་ངོས་སྲ་འགྱུར་ཨར་ལས་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བརྒྱུད་ནས་བེད་སྤྱོད་བྱས་ཡོད་ཅིང་།སྔོན་མའི་འདམ་བག་ལམ་ནི་ད་ལྟའི་ཨར་འདམ་ལམ་དུ་བསྒྱུར་ཡོད་དེ། རྣམ་གྲངས་ས་ཁུལ་གྱི་མང་ཚོགས་ཕྱིར་ཐོན་པའི་དཀའ་ངལ་ནུས་པ་ཐོན་པའི་སྒོ་ནས་ཐག་གཅོད་བྱས་པ་རེད།

རྣམ་གྲངས་དེ་ཐེངས་རིམ་གཉིས་སུ་དབྱེ་སྟེ་ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་འབའ་ལུང་རྫོང་གི་གྲོང་རྡལ9ཡི་སྲིད་འཛིན་གྲོང་གསེབ13ལ་འབྲེལ་ཡོད། ད་ལོའི་ཟླ6པའི་ཟླ་དཀྱིལ་བར།གཞུང་ལམ13 གྲུབ་ཟིན་པ། དེའི་ཁྲོད་དུ་མེ་ཀོང་གཞུང་ལམ་ལ་སྤྱི་ལེ1.9ཡོད་པ་དང་། ཀྲེན་ཕུའུ་གཞུང་ལམ་ལ་སྤྱི་ལེ8.9ཡོད། ཙ་ལི་གཞུང་ལམ་ལ་སྤྱི་ལེ2.3ཡོད། ནུང་ཏུའུ་གཞུང་ལམ་ལ་སྤྱི་ལེ0.893ཡོད། ཆི་ལུའོ་གཞུང་ལམ་ལ་སྤྱི་ལེ2.7ཡོད། ཀན་པ་ཙི་གཞུང་ལམ་ལ་སྤྱི་ལེ་8.329ཡོད། ལུའོ་དབྱི་གཞུང་ལམ་ལ་སྤྱི་ལེ3.347ཡོད།ཀུང་ནུང་གཞུང་ལམ་གྱི་ཀུའོ་མེ་ལམ་དུམ་ལ་སྤྱི་ལེ6.94ཡོད། ཀུང་ནུང་གཞུང་ལམ་གྱི་ཀུང་ནུང་ལམ་དུམ་ལ་སྤྱི་ལེ2.3ཡོད། ཀུང་ནུང་གཞུང་ལམ་གྱི་སན་ཅ་གྲོང་སྡེའི་ལམ་དུམ་ལ་སྤྱི་ལེ6.895ཡོད། ཐུའོ་ལུའོ་གཞུང་ལམ་ལ་སྤྱི་ལེ4.046ཡོད།ལུའོ་ན་གཞུང་ལམ་ལ་སྤྱི་ལེ14.27ཡོད། ཧྥུ་ཁྲོན་གཞུང་ལམ་ལ་སྤྱི་ལེ2.1ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག