མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་སྲིད་དངུལ་ཁེ་གསུམ་གྱི་རྣམ་གྲངས་ལ་སྒོར་ཁྲི་360140འཇོག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས26ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་རྣམ་གྲངས་ཀྱི་མཚམས་སྦྱོར་ཚོགས་འདུ་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཁྱུང་འབྲུག་བཀྲ་ཤིས་མགྲོན་ཁང་ཆེན་མོར་འཚོགས། དངུལ་ཁང་ལས་རིགས་དུད་ཚང་9དང་ཁེ་ལས་བར་བློ་འདོད་རང་བཞིན་གྱི་མཉམ་ལས་གྲོས་འཆམ་འཇོག་ཅིང་།དངུལ་གྲངས་སྒོར་ཁྲི་360140ཟིན་པ་རེད།

ཚོགས་འདུའི་ཐོག སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་དང་ཁུལ་འཕེལ་སྒྱུར་ཨུ།བཟོ་ལས་འདུས་ཁུལ་དོ་དམ་ཨུ་ལྷན།ཕྱི་དོན་དང་ཚོང་དོན་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་ཁུལ་གྱི་གནད་ཆེའི་རྣམ་གྲངས་དང་ཁེ་ལས་འབྲིང་ཆུང་།ཚོང་འགུག་དངུལ་འདྲེན།འཁོར་རྒྱུག་ཁྱབ་ཁོངས།བཟོ་ལས་འདུས་ཁུལ།སྐྱེ་དངོས་འདུས་ཁུལ་གྱི་རྣམ་གྲངས་དང་དངུལ་འཇོག་གི་དགོས་མཁོ་བཅས་ལ་མཚམས་སྦྱོར་བྱས།དངུལ་རྩའི་ལས་རིགས་ཀྱི་འཐུས་མིས་ཡིད་རྟོན་དངུལ་བུན་གཏོང་ལེན་ལས་སྒོ་དང་ཡིད་རྟོན་དབུལ་བུན་གཏོང་འཇོག་ཐད་ལ་འགྲེལ་བཤད་བྱས་པ་དང་།ཁེ་ལས་ཀྱི་འཐུས་མིས་ཐོན་སྐྱེད་བདག་གཉེར་གྱི་གནས་ཚུལ་དང་དངུལ་རྩའི་སྡེ་ཁག་གིས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ངོ་སྤྲོད་བྱས་པ་རེད།

ཁུལ་མི་དམངས་དངུལ་ཁང་དང་ཁུལ་དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་ཅུས་ཀྱི་འགན་འཁུར་བས།དངུལ་ཁང་ལས་རིགས་ཀྱི་དོ་དམ་སྡེ་ཁག་དང་དངུལ་ཁང་ལས་རིགས་ཀྱི་རྒྱུད་ཁོངས་ཀྱིས་ཁེ་ལས་ཀྱི་དངུལ་འཇོག་ཞབས་འདེགས་བྱ་རྒྱུ་དེ་དེ་བས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་རྒྱུ་ཡིན་ཞིང་།མུ་མཐུད་དུ་སྒྲིག་གཞིའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་།དགེ་མཚན་ལྡན་པའི་ངང་ནས་དངུལ་རྩའི་ཐོན་རྫས་དང་ཡིད་རྟོན་དབུལ་བུན་གཏོང་ལེན་གྱི་རྣམ་པ་གསར་གཏོད་དང་དངུལ་རྩའི་ཞབས་འདེགས་དྲིལ་བསྒྲགས་བྱེད་པ།སྲིད་གཞུང་དང་དངུལ་ཁང་།ཁེ་ལས་བཅས་བར་གྱི་སྤེལ་རེས་མཉམ་ལས་དང་བརྡ་འཕྲིན་མཉམ་མྱོང་བྱེད་པར་སྐུལ་འདེད་གཏོང་བ།ས་གནས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལམ་བུ་འཚོལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་མ་དངུལ་འཇོག་རྒྱུའི་རེ་འདུན་ཞུ་བའི་ཁེ་ལས་ནི་སྐྱེ་དངོས་དང་ཞབས་འདེགས།གཏེར་འདོན་དང་གཏེར་འདེམས་སོགས་ཀྱི་ལས་རིགས་ཡོད།ཚོགས་འདུ་ཡིས་སྲིད་གཞུང་གིས་སྟེགས་བུ་འདོན་པ་དང་།དངུལ་ཁང་དང་ཁེ་ལས་ཀྱིས་ལས་གཉེར་བྱེད་པའི་རྣམ་པའི་ཐོག་ནས། གོམ་གང་མདུན་སྤོས་ཀྱིས་སྲིད་གཞུང་དང་དངུལ་ཁང་།ཁེ་ལས་བཅས་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ།མ་དངུལ་འཇོག་དཀའ་བའི་དཀའ་ངལ་ཐག་གཅོད་པ་དང་།རང་ཁུལ་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤར་བར་གསོན་ཤུགས་གསར་པ་འདོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག