མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་འགྲིམ་འགྲུལ་ཅུས་ཀྱིས་རྫོང་དང་ཤང་གི་གཞུང་ལམ་ལ་སྒྲིག་བཅོས་རྒྱག་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས23ཉིན་ནས་ཚེས25ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་ཅུས་དང་། བདེ་ཆེན་གཞུང་ལམ་ལམ་སྲིད་དོ་དམ་ཡན་ལག་རུ་ཁག་གིས་མཉམ་འབྲེལ་བྱས་ནས་ལྔ་ཤོག་དང་། མཐའ་ཆུ། ཧྲང་ཅང་བཅས་ཀྱི་རྫོང་དང་ཤང་གི་གཞུང་ལམ་ལ་སྒྲིག་བཅོས་བྱས་ཏེ། ཤང་གྲོང་གི་གཞུང་ལམ་ལེགས་སུ་བཏང་བ་རེད།

ལམ་སྲིད་ལས་བྱེད་མི་སྣས་ཤང་གྲོང་གི་གཞུང་ལམ་འགྲམ་གྱི་ཞིང་དུད་ལ་གཞུང་ལམ་སྐོར་གྱི་བཅའ་ཁྲིམས་ཁྲིམས་ལུགས་དྲིལ་བསྒྲགས་བྱས་ཤིང་། ཞིང་གྲོང་གི་གཞུང་ལམ་དུ་ཚོང་ཟོག་བཙོང་ས་འཛུགས་པ་དང་། དངོས་རྫས་གང་མོས་སྤུང་བ། ལོ་ཏོག་སྐམ་པ། གད་སྙིགས་དོར་བ། དངོས་རྫས་བསྲེག་པ། ནོར་ལུག་འཚོ་བ། ལམ་བཀག་པ། ཆུ་རྐ་བཟོ་བ། ལོ་ཏོག་འདེབས་པ་བཅས་ཁྲིམས་ལུགས་ཀྱིས་བཀག་སྡོམ་བྱས་པའི་ལས་ཀ་དག་བྱེད་མི་ཆོག་པའི་དྲིལ་བསྒྲགས་བྱས་པ་དང་། གྲོང་ནང་དུ་བརྒྱུད་པའི་གཞུང་ལམ་གྱི་ལམ་ངོས་ཞན་པ་དང་བཙོག་པ། རྙོགས་པའི་གནས་ཚུལ་ལ་སྒྲིག་བཅོས་བྱས་ནས། མང་ཚོགས་ཀྱིས་གཞུང་ལམ་ལ་དགའ་བ་དང་། གཞུང་ལམ་ལ་གཅེས་འཛིན་བྱེད་པའི་གོམས་གཤིས་བཟང་པོ་ཆགས་པར་སྣེ་ཁྲིད་བྱས་ཏེ། གཞུང་ལམ་གོ་ཆོད་ངང་ནས་བེད་སྤྱོད་གཏོང་བ་དང་། འགྲིམ་འགྲུལ་དོན་རྐྱེན་ཇེ་ཉུང་དུ་བཏང་ནས། གཞུང་ལམ་གྱི་སྤྱིའི་སྤུས་ཚད་དང་སྣང་བརྙན་ཇེ་ཡག་ཏུ་བཏང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག