མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གི་དམངས་སྤྱོད་ཁང་པ25742ཉེན་འགོག་ཏུ་ཚུད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་དམངས་སྤྱོད་ཁང་པའི་ཉེན་འགོག་ལས་ཀར་མཐོང་ཆེན་བྱས་ནས། རྫོང་ཡོངས་ཀྱི་དམངས་སྤྱོད་ཁང་པ25742དང་ཤང་དང་གྲོང་རྡལ་གྱི་ཆེས་དམའི་འཚོ་བའི་འགན་སྲུང་བྱེད་པའི་དམངས་སྤྱོད་ཁང་པར་གཅིག་འགྱུར་གྱིས་ཉེན་འགོག་བྱས་པ་རེད།

དམངས་སྤྱོད་ཁང་པར་གཅིག་འགྱུར་གྱི་ཉེན་འགོག་ལས་ཀ་སྒྲུབ་པ་དང་། མང་ཚོགས་ཀྱི་གནོད་འཚེར་སྔོན་འགོག་དང་རང་སྐྱོབ་ནུས་པ། གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་བསྐྲུན་ནུས་པ་ཇེ་མཐོར་གཏོང་ཆེད། སེམས་ཀྱི་ཉི་ཟླ་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་ཡོངས་ཀྱི་ཞིང་དུད་ཀྱི་ཆ་འཕྲིན་དང་། སྡེ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆེས་དམའི་འཚོ་བའི་འགན་སྲུང་བྱེད་པའི་དམངས་སྤྱོད་ཁང་པའི་དུད་བདག་གི་མིང་ཐོར་ཞིབ་དཔྱད་གཏོང་ཞིང་། དུས་ཐོག་ཏུ་ཀྲུང་གོའི་ལུས་ཁམས་དང་རྒྱུ་ནོར་ཉེན་འགོག་འགན་ལེན་སེམས་ཀྱི་ཉི་ཟླའི་ཡན་ལག་ཀུང་སི་དང་2014ལོའི་དམངས་སྤྱོད་ཁང་པའི་ཉེན་འགོག་གན་རྒྱ་བཞག་པ་རེད།

ཐེངས་འདིར་རྫོང་ཡོངས་ཀྱི་ཉེན་འགོག་ཏུ་ཚུད་པའི་དམངས་སྤྱོད་ཁང་པ25742ཡོད་ལ། དུད་ཁ་རེར་ཉེན་འགོག་མ་དངུལ་སྒོར་ཁྲི2ཡོད། ཉེན་འགོག་མ་དངུལ་བསྡོམས་ན་སྒོར་514840ཡོད། དམངས་སྤྱོད་ཁང་པར་མེ་སྐྱོན་བྱུང་རྗེས་སྐྱིན་དངུལ་ལེན་སྐབས། ཤང་དང་གྲོང་རྡལ་དང་། གྲོང་མི་ཨུ་ལྷན་གྱི་ར་སྤྲོད་ཡི་གེ་དགོས་ཤིང་། ཉེན་འགོག་བྱ་ཡུལ་གྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཤོག་བུ་དང་། དངུལ་ཐོའི་བསྐྱར་དཔར་ཤོག་བུ་བཅས་ཚང་དགོས། ཉེན་འགོག་ཀུང་སིས་ལས་ཀའི་ཉིན་མོ3ནས10ཡི་ནང་དུ་ཉེན་འགོག་བྱ་ཡུལ་ལ་སྐྱིན་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག