མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་ཐུན་མོང་གི་ནགས་དབང་ལ་བཅོས་བསྒྱུར་བྱས་ནས་གྲུབ་འབྲས་ཁག་གསུམ་ཐོན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་ཐུན་མོང་གི་ནགས་དབང་བཅོས་བསྒྱུར་བྱས་ཐོག་རྒྱུན་ཆད་མེད་པར་རྗེས་མཐུད་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ནགས་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་གཏོང་ནས། ལྗང་མདོག་དཔལ་འབྱོར་མགྱོ གས་ཤིང་ཡག་པའི་སྒོ་ནས་འཕེལ་རྒྱས་ཕྱིན་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཕྱོགས་གསུམ་གྱི་ཐད་ལ་གྲུབ་འབྲས་ཡག་པོ་བླངས་པ་རེད།

ཐུན་མོང་གི་ནགས་དབང་ལམ་ལུགས་ལ་བཅོས་བསྒྱུར་གཏིང་ཟབ་བྱ་ཆེད། འབའ་ལུང་རྫོང་གིས་འཇོན་ཚད་ལོན་པའི་ལས་ཀའི་སྡེ་ཁག་སྒྲིག་འཛུགས་བྱས་པ་དང་། 《ཐུན་མོང་ནགས་དབང་གི་བརྒྱུད་སྤྲོད་ལག་བསྟར་སྲོལ་ཞིབ》གཏན་འབེབས་བྱས་ནས་འགྲེམ་སྤེལ་གཏོང་ཞིང་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས། ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་གོ་ཆོད་བྱེད་པ་དང་ཆབས་ཅིག ནགས་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་བ་རེད། ན་ནིང་གི་ཚུན་དུ། འབའ་ལུང་རྫོང་གིས་ནགས་དབང་བརྒྱུད་སྤྲོད་ལས་དོན་ཁག4སྟེ་མུའུ171བདག་སྤྲོད་བྱས་པ་དང་། ཐུན་མོང་ནགས་དབང་གཏར་མ་འཇོག་ནས་དངུལ་བུན་ཁག7ལེན་པ་དང་དངུལ་བུན་སྒོར་ཁྲི900ལ་ཟིན། རི་ལ་རི་བདག་ཡོད་པ་དང་། བདག་ན་བདག་འགན་ཡོད་པ། འགན་ལ་འབྲས་བཟང་ལྡན་པའི་བཅོས་བསྒྱུར་དམིགས་ཡུལ་མངོན་འགྱུར་བྱས་པ་རེད།

ཐུན་མོང་གི་ནགས་དབང་ལམ་ལུགས་ལག་བསྟར་བྱས་པས་ནགས་ཤིང་གིས་རི་རྒྱན་པ་དང་། ནོར་གྱིས་དམངས་རྒྱན་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ་རེད། ནགས་ལས་ཐོན་ཁུངས་ཀྱི་གནས་བབ་བཟང་པོ་དེ་དཔལ་འབྱོར་ཐད་ཀྱི་གནས་བབ་བཟང་པོར་བསྒྱུར་ནས“ཡར་འཕར་གསུམ”མངོན་འགྱུར་བྱས་ཡོད་དེ། སྐྱེ་ཁམས་ཀྱི་ཕན་ནུས་དང་། སྤྱི་ཚོགས་ཀྱི་ཕན་ནུས། དཔལ་འབྱོར་གྱི་ཕན་ནུས་བཅས་དུས་མཚུངས་སུ་ཡར་འཕར་ཡོད། བསྡོམས་རྩིས་ལྟར་ན། ཐུན་མོང་གི་ནགས་དབང་བཅོས་བསྒྱུར་ལས་འགན་འགྲུབ་ཚུན་དུ། འབའ་ལུང་རྫོང་གིས་སྟར་ཀ་སྤུས་གཙང་གི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི8.4ཡར་སྣོན་བྱས་པ་དང་། གཡེར་མའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི2.2ཡར་སྣོན་བྱསཔ། སེ་ཡབ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི3.1བཅས་ཡར་སྣོན་བྱས་ཏེ། ནགས་ཚལ་གྱིས་ཁེབས་ཚད་བརྒྱ་ཆའི་ཚེག2ཡར་འཕར་བ་དང་། སྐྱེ་དངོས་དང་ཡུལ་སྐོར་བཅས་ཀྱི་ཐོན་ལས་དག་འཕེལ་རྒྱས་ཆེན་པོ་བྱུང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག