མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་བཟོ་ཚོགས་ཀྱིས་ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཏམ་བཤད་འགྲན་བསྡུར་མཇུག་སྒྲིལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱིས་ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཀྲུང་གོའི་ཕུགས་འདུན .ངལ་རྩོལ་ལ་དགའ་བ.ང་དང་བསྒྱུར་བཅོས་གསར་གཏོད་ཅེས་པའི་གཏམ་བཤད་འགྲན་བསྡུར་བདེ་བླག་ངང་མཇུག་སྒྲིལ་བ་རེད།

གོ་རྟོགས་ལྟར་ན། ཐེངས་འདིར་ཁུལ་ཡོངས་ཀྱི་བཟོ་ཚོགས་ཀྱིས་གཏམ་བཤད་འགྲན་བསྡུར་རྩ་འཛུགས་བྱེད་དོན་ནི། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པས་ཀྲུང་གོའི་སྨོན་འདུན་དེ་རྒྱལ་ཁབ་དང་མི་རིགས། མི་སྒེར་བཅས་ཀྱི་ཆ་ནས་མཚོན་དོན་ཅི་འདྲ་ཡོད་མིན་གསལ་པོ་གོ་བ་དང་། ཀྲུང་གོའི་སྨོན་འདུན་དེ་ཆབ་དཔལ་རིག་གསུམ་དང་། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་དམིགས་ཡུལ་དང་རེ་བ་གོ་རུ་འཇུག་ནས། སྤྱི་ཚོགས་ཡོངས་སུ་ངལ་རྩལ་ནི་གཟི་བརྗིད་ཡིན་པའི་གཅིག་འགྱུར་གྱི་འདུ་ཤེས་ཆགས་སུ་འཇུག་རྒྱུ་དེ་ཡིན།

ཟླ་བ་6པའི་ཟླ་སྐེད་དུ་ཁུལ་ཐད་གཏོགས་སྡེ་ཁག་དང་རྫོང་གསུམ་དུ་འགྲན་བསྡུར་བྱས་ནས་གདམ་གསེས་བྱས་མཐར། བསྡོམས་ན་མི15རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དུ་ཞུགས་པ་རེད། གཏམ་བཤད་དང་འདྲི་བ་དྲི་ལེན་གཉིས་ཀྱི་ཕྱོགས་ནས་སྐར་མ་རྩིས་མཐར་ཧོ་ཧྥུང་ཧའེ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ཀྲོའུ་ཀྲོའུ་དང་། མ་ལིང་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ། ཕེང་ཡིང་ཚའེ་ལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་། དེ་མིན་གཞན་གྱི་འགྲན་བསྡུར་པར་ཕུལ་བྱུང་བྱ་དགའ་ཐོབ་པ་རེད། ཁུལ་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱི་ལས་ཁུངས་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་རེད།

ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཡུང་མིང་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཁྲེན་ཅུན་མིང་། ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་སུང་ཐའོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཕིང་བཅས་འགྲན་བསྡུར་བྱ་ཡུལ་དུ་ཕེབས་པ་རེད། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡང་ཧྥེང་ཞིས་གསུངས་བཤད་གནང་བ་དང་། ཁུལ་ཡོངས་ཀྱི་བཟོ་ཚོགས་ཀྱི་རྗེས་མའི་ལས་ཀར་རེ་བ་བཏོན་པ་རེད། འགྲན་བསྡུར་བྱ་ཡུལ་དུ་ཕེབས་པའི་འགོ་ཁྲིད་ཚོས་བྱ་དགའ་ཐོབ་པའི་འགྲན་བསྡུར་པར་བྱ་དགའ་སྤྲོད་པ་རེད།

ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་ཀའི་ཨུ་ལྷན་དང་། ན་གཞོན་ཚོགས་པའི་ཁུལ་ཨུ། ཁུལ་བུད་མེད་ལྷན་ཚོགས། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བ་དང་། རྫོང་གསུམ་གྱི་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགོ་ཁྲིད། ཁུལ་ཐད་གཏོགས་ལས་ཁུངས་དང་ཁེ་ལས་བྱ་གཞག་སྡེ་ཁག་གི་གཞི་རིམ་བཟོ་ཚོགས་དང་སེམས་ཀྱི་ཉི་ཟླ་རྫོང་གི་གཞི་རིམ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཅས་བྱ་འགུལ་དུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག