མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་དཔེ་མཛོད་ཁང་གི་གློག་རྡུལ་གཡོར་ཀློག་ཞབས་ཞུས་ཀློག་མཁན་ལ་སྟབས་བདེ་བཟོས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-07-03 09:59

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་དཔེ་མཛོད་ཁང་གིས་ད་ལོའི་ཟླ5པར་གློག་རྡུལ་དཔེ་དེབ་གཡོར་ཀློག་ཞབས་ཞུ་དངོས་སུ་བེད་སྤྱོད་བྱེད་འགོ་བརྩམས་པ་རེད། གློག་རྡུལ་དཔེ་དེབ་གཡོར་ཀློག་འཕྲུལ་ཆས་ཀྱི་ནང་དུ་དཔེ་དེབ2000ལྷག་བཅུག་ཡོད་པ་དང་། ཀློག་པ་པོས་ནང་འཇུག་བྱ་རིམ་ཕབ་དང་ཕྱག་འགོད་བྱས་རྗེས། གཡོར་ཀློག་འཕྲུས་ཆས་ནང་ནས་དཔེ་དེབ་དབུ་ཤོག་ཐོག་གི་དཔེ་རྟགས་ཕྱག་འགོད་བྱས་ན་དཔེ་དེབ་དེ་ལག་ཁྱེར་ཁ་པར་ནང་ཕབ་ལེན་བྱས་ནས་ལྟ་ཀློག་བྱེད་ཐུབ་ཅིང་། གོ་རིམ་མགྱོ གས་ལ་སྟབས་བདེ་བ་རེད།

གློག་རྡུལ་དཔེ་དེབ་གཡོར་ཀློག་འཕྲུལ་ཆས་ཀྱི་ནང་དོན་ནི་ཉེ་ཆར་བྲིན་ཆེ་བའི་དཔེ་དེབ་ཡིན་པ་དང་། རིགས་དང་དབྱེ་བ་ཕུན་སུམ་ཚོགས་པ་སྟེ། བདེ་ཐང་འཚོ་བ། རྩོམ་རིག བྱིས་པའི་སློབ་གསོ། བརྩམས་སྒྲུང་། སྤྱི་ཚོགས་ཁྲིམས་ལུགས། དཔལ་འབྱོར་དོ་དམ། རིག་གནས་སྒྱུ་རྩལ། ཚན་རིག་ལག་རྩལ། ལོ་རྒྱུས་ས་ཁམས། མཚན་ཉིད་རིག་པ། ཆོས་ལུགས་བཅས་ཀྱི་ནང་དོན་འདུས་ཡོད།

ཉེ་བའི་ལོ་འགའི་རིང་ལ། འཇོལ་དཔེ་མཛོད་ཁང་གིས་ཡོད་ཚད་ཀློག་པ་པོའི་ཆེད་དུ་བསམ་པ་དང་། ཕྱོགས་གང་ཐད་ནས་ཀློག་པ་པོར་ཞབས་ཞུ་སྒྲུབ་པའི་དགོངས་དོན་གཞིར་བཟུང་ནས། ཞབས་ཞུའི་ནང་དོན་དང་། དཔེ་ཀློག་གི་ཁོར་ཡུག འཐུང་ཆུའི་སྒྲིག་ཆས་སོགས་ཇེ་ལེགས་ཏུ་བཏང་ཡོད། 2013ལོར་དཔེ་མཛོད་ཁང་འདིས་ཀློག་མཁན་མི་ཐེངས9646ལ་རིན་མི་ལེན་པར་སྒོ་ཕྱེས་པ་དང་། དཔེ་དེབ་གཡོར་ཐེངས2164ཡོད། ཀློག་མཁན་ལ་དོགས་གཞིའི་དྲི་བ་ཐེངས104བཏབ་ཅིང་། གཡོར་ཀློག་འཛིན་བྱང་དང་ཀློག་རྡུལ་གཡོར་ཀློག་འཛིན་བྱང146གསར་དུ་བཟོས། དེར་མ་ཟད། དཔེ་ཀློག་སློབ་གླིང་དུ་བསྐྱོད་པའི་བྱེད་སྒོ་སྤེལ་ནས། སློབ་ཆུང་སློབ་མའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་ཡོད་ལ། སྔ་གཞུག་ཏུ་དཔེ་སྟོན་སློབ་ཆུང་གི་དཔེ་མཛོད་ཁང་ལ་བྱིས་པའི་ཀློག་དེབ343སྤྲད། “ལྔ་གཅིག་ལྔ་བཞིའི”སྐབས་སུ་འཇོལ་སློབ་འབྲིང་ནས་ཀློག་དེབ་གྲོས་གཞི་འདོན་ཡིག2000བཀྲམས་པ་རེད། ད་དུང་དབྱར་དགུན་གནང་གི་སྐབས་སུ་བོད་ཡིག་དགེ་རྒན་གདན་དྲངས་ནས་རིན་མི་ལེན་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། སློབ་དེབ་ཀྱང་སྤྲད་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་བཏང་ཡོད། བོད་ཡིག་གསོ་སྦྱོང་བྱེད་མཁན་མི་ཐེངས1016ལ་སླེབས་ཡོད།

མིག་སྔར། འཇོལ་དཔེ་མཛོད་ཁང་གིས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བ་དམིགས་འབེན་དུ་བཟུང་ནས། ཧུར་ཐག་གིས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་དཔེ་མཛོད་ཁང་དུ་བསྒྱུར་བར་བརྩོན་ལེན་བྱེད་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག