མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་རིག་གནས་ཐིན་གྱིས་གཞི་རིམ་ལ་རིག་རྩལ་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-11 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ཉིན།  ཡུན་ནན་ཞིང་ཆེན་རིག་གནས་ཐིན་གྱིས“རིག་རྩལ་སྣ་ཚོགས་གཞི་རིམ་དུ་བསྐྱལ་བའི”འཁྲབ་སྟོན་ཚོགས་པས་དུས་ཡུན་གཟའ་འཁོར་གཅིག་རིང་ལ་བདེ་ཆེན་རྫོང་གི་ཤང་དང་གྲོང་རྡལ་སོ་སོ་སོང་ནས་རིག་རྩལ་འཁྲབ་སྟོན་བྱས་པ་དང་།  རྒྱ་ཆེའི་མང་ཚོགས་ལ་རྣམ་པ་མང་ཞིང་།  ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པས།  ས་དེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ།

རྒྱུས་ལོན་པ་ལྟར་ན། འཁྲབ་སྟོན་ཚོགས་པས་ཤང་དང་གྲོང་རྡལ་དུ་འཁྲབ་སྟོན་བྱེད་སྐབས། བདེ་ཆེན་རྫོང་གི་ཤང་དང་གྲོང་རྡལ་སོ་སོས་ཀྱང་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་རིག་གནས་རྩ་འཛུགས་བྱས་ཏེ་འཁྲབ་སྟོན་བྱས་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

 ཤེས་གསལ་བྱུང་བ་ལྟར་ན། “རིག་རྩལ་སྣ་ཚོགས་གཞི་རིམ་དུ་བསྐྱལ་བའི”བྱ་འགུལ་སྤེལ་བ་དེས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚོའི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཅི་ཐད་བྱས་པ་མ་ཟད། ཞིང་བ་མང་ཚོགས་ཀྱི་རིག་རྩལ་ལྟ་དཀའ་བའི་གནད་དོན་ཐག་བཅད་པ་རེད།  ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་འོག  ཞིང་ཆེན་རིག་གནས་ཐིན་གྱིས་དུས་ཡུན་རིང་བོར་ཞིང་སྡེའི་རིག་གནས་དམངས་ཕན་བཟོ་འགོད་ཞིག་ལག་བསྟར་བྱས་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བྱེད་པ།  ཞིང་སྡེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཞིང་སྡེའི་རིག་གནས་དར་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག