མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་ཏང་ཨུས་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-11 10:36

ཟླ6ཚེས4ཉིན།བདེ་ཆེན་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།(ཧོ་ཆི་ཀོང་གིས་པར་བླངས།)

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ6ཚེས4ཉིན་གྱི་སྔ་དྲོར།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་པ།ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཝེ་ཅ་ཡིས་ཞིང་ཨུའི་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་བློ་མཐུན་གཙོ་བོའི་ལས་འགན་ལེགས་སྒྲིག་བྱེད་པའི་སྐོར་གྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ་སྟེ།བློ་མཐུན་དབྱིན་པའེ་བདེ་ཆེན་ཁུལ་ཨུའི་ཨུ་ཡོན་དང་རྒྱུན་ཨུ།ཧྲུའུ་ཅི་བཅས་སུ་བསྐོ་བ་དང་།ཀྲང་ཏེང་ལིའང་ཀྲུང་གུང་ཡུན་ནན་ཞིང་ཨུའི་ཏང་ཙུའུ་ཡི་ཁོངས་མིར་བསྐོ་ཞིང་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་རྒྱུན་ཨུ།ཨུ་ཡོན་བཅས་ཀྱི་གོ་གནས་འཐེན་རྒྱུ་ཡིན་པ་རེད།

ལིའུ་ཝེ་ཅ་ཡིས་ཞིང་ཨུའི་གཏན་འབེབས་ཀློག་དུས།ཉེ་བའི་ལོ་འགའི་རིང་ལ།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྷན་སྤྱིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་སྣེ་འཁྲིད་བྱས་ནས།བདེ་ཆེན་འདི་ཉིད་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་འཛུགས་པའི་དམིགས་ཡུལ་ལ་དམ་པོར་གཞིགས་ནས།འཕེལ་རྒྱས་དང་བརྟན་ལྷིང་།དམངས་འཚོ་བཅས་དོན་ཆེན་གསུམ་ལ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།“ཁུལ་འཛུགས་འཐབ་ཇུས་བཞི”ལག་བསྟར་ཏན་ཏིག་བྱས་པས།ཁུལ་ཡོངས་ཀྱི་བཟོ་ལས་ཅན་གསར་གྲས་དང་།གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་གོམ་གང་མདུན་སྤོས་ཀྱིས་མགྱོགས་སུ་བཏང་བ།ཡུལ་སྐོར་དང་སྐྱེ་དངོས།ཆུ་གློག གཏེར་ལས་བཅས་གཙོ་གྲུབ་ཐོན་ལས་བཞིའི་གནས་བབ་བཟང་པོ་རིམ་གྱིས་མངོན་ཡོད་ལ།དཔལ་འབྱོར་སྙོམས་ཤིང་མགྱོགས་ཙམ་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་།སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་དང་དམངས་འཚོ་ལེགས་སུ་གཏོང་བའི་ལས་ཀར་འཕེལ་རྒྱས་གསར་པ་ཐོབ་པ།མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་འཕར་བ།ཏང་གི་འཛུགས་སྤེལ་དང་འགོ་ཁྲིད་ལྷན་སྤྱིའི་འཛུགས་སྐྱོང་ལ་དོ་སྣང་བྱེད་པ།ཁྲིམས་ལུགས་ལ་བརྟེན་ནས་བོད་སྐྱོང་བ་དང་དུས་ཡུན་རིང་པོར་བོད་སྐྱོང་བའི་མཛུབ་སྟོན་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ།ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།ཁ་ཕྲལ་དང་སིམ་འཛུལ།གཏོར་བརླག་གི་བྱ་བར་དོགས་ཟོན་དང་རྡུང་རྡེབ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།བདེ་ཆེན་ཁུལ་གྱི་འཕོ་འགྱུར་དང་ཐོབ་པའི་གྲུབ་འབྲས་དེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་ཡང་དག་བྱས་པའི་མཇུག་འབྲས་ཡིན་ཞིང་།སྐབས་སོ་སོའི་ཁུལ་རིམ་པའི་འགོ་ཁྲིད་ལྷན་སྤྱི་ཡིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་བྱས་ནས།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གལ་ཆེའི་ཇུས་འགོད་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པའི་མཇུག་འབྲས་ཡིན་པ་དང་།ཁུལ་རིམ་པའི་འགོ་ཁྲིད་ལྷན་སྤྱི་ཁག་གིས་ཐུན་མོང་ནས་འབད་བརྩོན་བྱས་པ་དང་བློ་མཐུན་རྒན་གྲས་ཀྱིས་རྒྱབ་སྐྱོར་རོགས་རམ་བྱས་པའི་མཇུག་འབྲས་ཡིན་ལ།བློ་མཐུན་ཀྲང་ཏེང་ལིའང་གིས་ནུས་ལྡན་གྱིས་འགོ་ཁྲིད་བྱས་པར་འབྲལ་ཐབས་མེད།

ལིའུ་ཝེ་ཅ་ཡིས།བློ་མཐུན་དབྱིན་པའེ་ཡི་ཆབ་སྲིད་ཀྱི་བྱང་ཚད་ཡག་ལ།ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པ་དང་།ཀྲུང་དབྱང་དང་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་ཇུས་འགོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རྣམ་འགྱུར་བརྟན་ཞིང་བློ་ཐག་རྦད་བཅད་ཡིན་པ།ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ཏུ་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་ཡོད།བློ་མཐུན་དབྱིན་པའེ་ནི་ལས་གནས་མང་པོར་སྦྱོང་བརྡར་བྱས་མྱོང་ཡོད་དེ། རྙོག་ཟིང་ཆེ་བའི་གནད་དོན་གྱི་མཐུན་སྦྱོར་དང་བཀོད་སྒྲིག་བྱེད་ནུས་ཆེ་ཙམ་ཡོད་ལ།ལས་ཀའི་བསམ་ཕྱོགས་གསལ་པོ་ཡིན་ཞིང་ལས་དོན་ཐོག་དོན་དངོས་གཉེར་བ།ལས་དོན་སྒྲུབ་སེམས་ཆེ་ཞིང་འགན་འཁྲིའི་འདུ་ཤེས་མཐོ་བ་ཡོད་པ་རེད། བློ་མཐུན་དབྱིན་པའེ་ནི་སློབ་སྦྱོང་དགའ་ཞིང་བསམ་གཞིགས་བྱེད་དགའ་ལ།དོན་གཅོད་སྒམ་བརླིང་ཡིན་པ།གནད་དོན་བསམ་གཞིགས་ཁྱོན་ཡོངས་ཡིན་ལ་སྤྱོད་ཚུལ་དམངས་གཙོ་དང་ཁ་རི་ཁ་ཐུག་ཡིན་པ།མི་ལ་ཁེངས་ཆུང་གཤིས་འཇམ་ཡིན་པ་རེད། བློ་མཐུན་དབྱིན་པའེ་ཡིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག ངེས་པར་དུ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་སྣེ་འཁྲིད་བྱས་ཏེ།བདེན་འཚོལ་དངོས་གཉེར་དང་གསར་སྤེལ་རྒྱ་སྐྱེད། ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ།བདེ་ཆེན་ཁུལ་གྱི་རྣམ་གྲངས་ཁག་གི་ལས་ཀ་མུ་མཐུད་དུ་མདུན་དུ་སྤེལ་བའི་ཡིད་ཆེས་ཡོད་ཅེས་གསུངས།

ལིའུ་ཝེ་ཅ་ཡིས།རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་བྱ་གཞག་དང་བདེ་ཆེན་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས། བསམ་བློ་དང་ཆབ་སྲིད་ལས་ཀར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དམིགས་བསལ་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་བསམ་བློ་དེ་ཞིང་ཨུའི་གཏན་འབེབས་ཀྱི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ལྷན་རྒྱས་ནས་ངེས་པར་དུ་སྣེ་འཁྲིད་དེ་ཆབ་སྲིད་ལ་དོ་སྣང་དང་སྤྱི་ཡོངས་ལ་ལྟ་རྟོག ཁྲིམས་ལུགས་ལ་བརྩི་སྲུང་། འགན་འཁྲི་ནན་སྲུང་། མཐུན་སྒྲིལ་རོགས་ལས་བཅས་བྱས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་ཞིང་ཨུའི་གཏན་འབེབས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱས་ནས། ཁུལ་ཨུའི་འགོ་ཁྲིད་གཙོ་བོའི་རྩིས་སྤྲོད་ལེན་དང་ལས་དོན་ཁག་བདེ་བླག་ངང་བར་བརྒལ་བྱེད་པར་ཁག་ཐེག་བྱེད་དགོས། སྔར་ལས་ལྷག་པའི་ངང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏན་ཏིག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་བསྟར་བྱེད་སྒོ་སྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་“ནན་པོ་གསུམ་དང་དངོས་གཉེར་གསུམ”གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་བཟང་པོ་རྒྱུན་འཁྱོངས་དང་། ཁུལ་ཡོངས་ཀྱི་མཐུན་སྒྲིལ་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བཤད་པ་རེད།

ཀྲང་ཏེང་ལིའང་གིས་བློ་ཐག་རྦད་བཅད་ཀྱིས་ཞིང་ཨུའི་གཏན་འབེབས་ལ་སྲུང་སྐྱོང་དང་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོས་བདེ་ཆེན་གྱི་ལས་ཀར་མཐོང་ཆེན་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། ཁུལ་ཨུ་དང་མི་དམངས་འཐུས་མིའི་ཚོགས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ལྷན་སྤྱི་ཁག་བཞིའི་ཁོངས་མི་དང་རིམ་པ་ཁག་གི་སྡེ་ཁག་གི་འགོ་ཁྲིད་ཀྱིས་ཁོང་གིས་ལས་ཀར་གནང་བའི་རྒྱབ་སྐྱོར་དང་རམ་འདེགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། མིང་མི་གྲགས་པ་དང་སྒེར་སེམས་མེད་པས་བྱས་རྗེས་འཇོག་པ་དང་། ཕན་ནུས་ལྡན་པའི་ངང་ནས་ལས་དོན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།ལས་ལ་བརྩོན་ཞིང་སྤྱང་གྲུང་ལྡན་པ་དང་། ཁོང་ཡངས་པའི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན། ཁོང་གིས་བདེ་ཆེན་དུ་ལས་ཀ་བྱེད་དུས། བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བརྩེ་དུང་ཟབ་མོ་ཆགས་ཡོད་དེ།ལས་གནས་གསར་པར་སླེབས་རྗེས་མུ་མཐུད་དུ་བདེ་ཆེན་ལ་དོ་ཁུར་དང་བདེ་ཆེན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།བློ་མཐུན་དབྱིན་པའེ་ཡིས་ལྷན་སྤྱིའི་འགོ་འཛིན་གནང་བའི་ཁུལ་ཨུའི་ལས་ཀ་ལ་དེ་བས་གྲུབ་འབྲས་ཐོབ་ཐུབ་པའི་ཡིད་ཆེས་ཡོད་ལ། བློ་མཐུན་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་ཞིང་ཨུའི་གཏན་འབེབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་གི་རང་བཞིན་ལ་དོ་སྣང་བྱེད་པ་དང་ཆབ་སྲིད་ལ་དོ་སྣང་བྱེད་པ།རང་སྐལ་གྱི་ལས་ཀ་ཡག་པོ་བསྒྲུབས་ནས། བློ་མཐུན་དབྱིན་པའེ་ཡིས་ལྷན་སྤྱིའི་འགོ་འཛིན་གནང་བའི་ཁུལ་ཨུའི་ལས་ཀ་ཡག་པོ་བསྒྲུབས་ཏེ། བདེ་ཆེན་གྱི་བསྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་དེ་རིམ་པ་གསར་པ་ཞིག་ཏུ་སླེབས་སུ་འཇུག་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

དབྱིན་པའེ་ཡིས་གསུང་བཤད་ཐོག རྩ་འཛུགས་ཀྱིས་ཡིད་ཆེས་གནང་བ་དང་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བདེ་ཆེན་དུ་ལས་ཀ་བྱེད་ཡོང་བར་འགན་འཁྲི་ལྗིད་ཅིང་ལས་འགན་གཟི་བརྗིད་ལྡན་པ་རེད། པུའུ་ཀྲང་ལིའུ་ཝེ་ཅ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས་ཤིང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་བྱས་ནས།ཐོག་མཐའ་བར་གསུམ་དུ་ལག་གཉིས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་སྟེ།ལག་གཅིག་ནས་འཕེལ་རྒྱས་དམ་འཛིན་བྱེད་དེ།འཕེལ་རྒྱས་ནི་འགངས་ཆེའི་འགན་འཁྲི་ཨང་དང་པོ་ཡིན་པ་འདི་ཉིད་དམ་པོར་འཛིན་དགོས་པ་དང་།ལག་གཅིག་ནས་བརྟན་ལྷིང་དམ་འཛིན་བྱེད་དེ།ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པའི་འདུ་ཤེས་དྲག་ཏུ་གཏོང་དགོས། འཕེལ་རྒྱས་དམ་འཛིན་བྱས་པར་བརྒྱུད་པ་དང་དམིགས་བསལ་དུ་དམངས་འཚོའི་ལས་གྲྭ་ཁག་དངོས་འཛིན་བྱས་ནས་གོམ་གང་མདུན་སྤོས་ཀྱིས་མིའི་སེམས་འགུག་ཐབས་བྱེད་པ་དང་སྟོབས་ཤུགས་གོང་བུར་འགྲིལ་བ་བྱས་ཏེ།བརྟན་ལྷིང་ལ་ཆ་རྐྱེན་བསྐྲུན་དགོས།བརྟན་ལྷིང་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་འཆམ་མཐུན་དང་གོ་རིམ་ལྡན་པའི་ཁོར་ཡུག་ཅིག་མཁོ་སྤྲོད་བྱེད་དགོས་པ་དང་།འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་ཅིང་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། དབྱིན་པའེ་ཡིས་རང་ཉིད་ལ་བླང་བྱ་དམ་པོ་བཏོན་རྒྱུ་ཡིན་ཞིང་། ལྷན་སྤྱི་ལ་དམ་འཛིན་དང་དཔུང་སྡེ་སྣེ་འཁྲིད་བྱེད་པར་ཤུགས་འཇོག་རྒྱུ་ཡིན་ལ།ཀྲུང་དབྱང་གི་བླང་བྱ་ལྟར། “ནན་པོ་གསུམ་དང་དངོས་གཉེར་གསུམ”སྒྲུབ་པར་འབད་བརྩོན་བྱེད་རྒྱུ་ཡིན།ཐོག་མཐའ་བར་གསུམ་དུ་བདེན་པ་བཤད་པ་དང་བྱ་བ་དངོས་སྒྲུབ་པ།བྱ་ཐབས་དངོས་འདོན་པ།ཕན་འབྲས་དངོས་གཉེར་བ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ལས་གནས་ལ་དགའ་ཞེན་དང་བྱ་གཞག་ལ་བརྩི་བཀུར།འགན་འཁྲི་འཁུར་ཕོད་པ།ཡིད་ཆེས་འབྲས་མེད་དུ་མི་གཏོང་བ། སྔར་ལས་ལྷག་པར་སྤོབས་པ་ཆེར་སྐྱེད་པ་དང་དོན་འཁྱོལ་དམ་འཛིན་བྱས་ནས།ཁུལ་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན། སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྟན་པ་རེད།

ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པའི་འགོ་འཛིན་ཀྲའོ་ཡུན་ཀྲུང་དང་ཚོ་ཆུང་གི་འགོ་འཛིན་གཞོན་པ་ལི་ཧའེ་མིང་། ཞིང་ཨུའི་སྲིད་ཁྲིམས་ཨུའི་ཨུ་ཡོན།སྲིད་ཁྲིམས་པུའུ་ཡི་ཀྲུའུ་རེན་ཐའོ་ཧྥོ་རུང་བཅས་དང་།རང་ཁུལ་གྱི་ཐིང་རིམ་པ་གཞོན་པའི་ཡས་ཀྱི་འགོ་ཁྲིད་ལས་བྱེད་པ།སྐོར་གཟིགས་པ་དང་སྐོར་གཟིགས་པ་གཞོན་པ།རྫོང་སོ་སོ་དང་གསར་སྤེལ་ཆུས་ཀྱི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ། ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཨུ་ལྷན།གཞུང་ལས་ཁང་དང་ཅུས་སོ་སོ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གྲོས་ཀྱི་ཨུ་དང་གཞུང་ལས་ཁང་སོ་སོ། མི་དམངས་ཚོགས་པ་སོ་སོ།ཁུལ་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་སྡེ་ཁག་སོ་སོ་དང་ཞིང་ཆེན་ཁོངས་གཏོགས་ཁུལ་སྡོད་སྡེ་ཁག་སོ་སོའི་འགན་འཁུར་བ་གཙོ་བོ།ལས་འཁྱུར་ངལ་གསོ་བྱེད་མཁན་ཐིང་རིམ་པའི་འགོ་ཁྲིད་རྒན་པ་དང་ཏང་གི་འཐུས་མི། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་བཅས་གྲོས་ཚོགས་སུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག