མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཐའེ་ཝན་གྱི་གྲངས་ཉུང་མི་རིགས་དགེ་རྒན་རྣམས་བདེ་ཆེན་ཁུལ་དུ་སོང་ནས་འཚམས་འདྲི་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-10 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་མཐུན་ཚོགས་པ་དང་ཞིང་ཆེན་ཐའེ་ཝན་སྤུན་ཟླའི་མཛའ་མཐུན་ཚོགས་པའི་འབྲེལ་ཡོད་མི་སྣས་འགྲོ་རོགས་འོག  ཐའེ་ཝན་གྱི་གྲངས་ཉུང་མི་རིགས་དགེ་རྒན་འཚམས་འདྲི་ཚོགས་པ་འཁོར་དང་བཅས་པ་མི22ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་འཚམས་འདྲི་བྱས། བདེ་ཆེན་ཁུལ་ཐའེ་ཝན་སྤུན་ཟླའི་མཛའ་མཐུན་ཚོགས་པ་གཞུང་སྒྲུབ་ཁང་གིས་བདེ་ཆེན་ཁུལ་དུ་བོད་རྒྱ་སྐད་གཉིས་སློབ་གསོ་སྤེལ་བཞིན་པའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  བོད་རྒྱ་སྐད་གཉིས་དགེ་རྒན་དང་ཐའེ་ཝན་གྱི་གྲངས་ཉུང་མི་རིགས་དགེ་རྒན་རྣམས་རྩ་འཛུགས་བྱས་ནས་བཞུགས་མོལ་བྱས།

 བཞུགས་མོལ་ཚོགས་འདུའི་སྟེང་། ཕྱོགས་གཉིས་ཀྱི་དགེ་རྒན་རྣམ་པས་སློབ་ཁྲིད་དོ་དམ་དང་སློབ་མ་གསོ་སྐྱོང་། སློབ་བསྡུ་ལས་ཞུགས་སོགས་ནང་སྒོས་སུ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གྲངས་ཉུང་མི་རིགས་སློབ་མས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་བཅས་ཇི་ལྟར་མཐོར་འདེགས་སུ་གཏོང་བར་བགྲོ་གླེང་བྱས་པ་མ་ཟད།   གྲངས་ཉུང་མི་རིགས་སློབ་གསོ་སྤེལ་བའི་གྲུབ་འབྲས་དང་འཕེལ་རྒྱས་ཉམས་མྱོང་ཕྱོགས་ནས་སློབ་སྦྱོང་དང་བརྗེ་རེས་བྱས།

ཐའེ་ཝན་གྱི་གྲངས་ཉུང་མི་རིགས་དགེ་རྒན་འཚམས་འདྲི་ཚོགས་པས་བདེ་ཆེན་ཁུལ་དུ་བོད་རྒྱ་སྐད་གཉིས་སློབ་གསོ་ལམ་ལུགས་དང་སློབ་ཁྲིད་རྣམ་པ་སོགས་ལས་བླངས་པའི་གྲུབ་འབྲས་ནི་ཁོ་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ལེགས་པོ་ཡིན་པ་དང་།  ཕྱིར་སོང་རྗེས་ནན་ཏན་སྒོས་བདེ་ཆེན་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོ་ལས་བླངས་བའི་ཉམས་མྱོང་སྤྱི་བསྡོམས་དང་ཁྱབ་སྤེལ་བྱས་པ་བརྒྱུད།  སྔར་ལས་ལྷག་པར་མི་རིགས་རིག་གནས་སློབ་གསོ་བྱ་བ་ལེགས་པོ་སྒྲུབ་པར་འབད་པ་བྱེད་རྒྱུ་ཡིན་པར་བསྟན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག