མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“ཤུལ་བཞག་རིག་གནས་ཉིན་མོའི”བྱ་འགུལ་སྤེལ་རྒྱུ་རེད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-10 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུའུ་ཡིས་ཟླ6པའི་ཚེས12ཉིན་ནས་ཚེས14ཉིན་བར2014ལོའི་ཐེངས་དགུ་པའི“ཤུལ་བཞག་རིག་གནས་ཉིན་མོའི”བྱ་འགུལ་སྤེལ་རྒྱུ་རེད། ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད2ནས་དུས་ཚོད4དང་སྐར་མ་སུམ་ཅུ་བར་བདེ་ཆེན་ཁུལ་མི་རིགས་ཆེད་སྦྱོང་སློབ་གྲྭའི་ལུས་རྩལ་ར་བ་ནས“དངོས་མིན་ཤུལ་བཞག་རིག་གནས་སློབ་གྲྭ་རུ་སྐྱོད་པ”ཞེས་པའི་གླུ་གར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་། ཚེས14ཉིན་གྱི་སྔ་དྲོའི་དུས་ཚོད10ནས་དུས་ཚོད12དང་སྐར་མ་སུམ་ཅུ་བར་དཀྱིལ་འཁོར་ཐང་ཆེན་དུ“ཤུལ་བཞག་རིག་གནས་ཉིན་མོའི”དགའ་སྟོན་བྱ་འགུལ་སྤེལ་རྒྱུ་རེད།  ཚེས13ཉིན་ནས་ཚེས14ཉིན་བར་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་ལུས་རྩལ་ར་བ་ནས་དངོས་མིན་ཤུལ་བཞག་རིག་དངོས་ཕྱོགས་ཀྱི་སྲོལ་རྒྱུན་ལག་རྩལ་འགྲེམ་སྟོན་བྱེད་རྒྱུ་ཡིན་པས།  རྒྱ་ཆེའི་མང་ཚོགས་རྣམས་བྱ་འགུལ་ནང་ཞུགས་པར་དགའ་བསུ་བྱེད་ཀྱིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག