མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཆུ་བེད་བཟོ་འགོད་འཛུགས་སྐྲུན་ཕྱོགས་ཀྱི་དོ་དམ་མི་སྣ་གསོ་སྐྱོང་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-10 11:09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས5ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཆུ་བེད་ཅུའུ་ཡིས་བསྡུས་པའི་ཁུལ་ཡོངས་ཀྱི་ཆུ་བེད་བཟོ་འགོད་དོ་དམ་མི་སྣའི་ལས་ཀ་ཕྱོགས་ཀྱི་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས།

དུས་ཡུན་ཉིན་གཉིས་རིང་གི་གསོ་སྦྱོང་ཁྲོད།  ཡུན་ནན་ཞིང་ཆེན་གྱི་ཆུ་བེད་ཆེད་མཁས་གསུམ་གྱིས་སློབ་མ་རྣམས་ལ《ཆུ་བེད་བཟོ་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་སྒྲིག་རིམ་དང་དོ་དམ》དང《ཆུ་བེད་བཟོ་འགོད་འཛུགས་སྐྲུན་ལས་ཁུངས་སོ་སོས་རྒྱུ་སྤུས་དང་བདེ་འཇགས་དོ་དམ་ཕྱོགས་ཀྱི་དངོས་དོན་གཉེར་བ》《ཆུ་བེད་བཟོ་འགོད་ཀྱི་རྒྱུ་ཆ་དང་རྒྱུ་སྤུས་ལྟ་ཞིབ་རྩ་གནད》བཅས《ཨར་ལས་བྱེད་སྐབས་ཀྱི་རྒྱུ་སྤུས་གནད་དོན》སོགས་ནང་དོན་སློབ་ཁྲིད་བྱས།

བདེ་ཆེན་ཁུལ་ཆུ་བེད་ཅུའུ་ཡི་འགན་ཁུར་མི་སྣས་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོ་སྟེང་དེང་སྐབས་བདེ་ཆེན་ཁུལ་གྱི་ཆུ་བེད་བཟོ་འགོད་དོ་དམ་སྟེང་གནས་པའི་གནད་དོན་ལ་གཏིང་ཟབ་མོས་དབྱེ་ཞིབ་བྱས་ཏེ།  གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་མིག་སྔར་ཆུ་བེད་བཟོ་འགོད་དོ་དམ་བྱ་བའི་གནས་བབ་ལ་རྒྱུས་ལོན་བྱས་པ་བརྒྱུད།  སྔར་ལས་ལྷག་པར་ཆུ་བེད་བཟོ་འགོད་དོ་དམ་བྱ་བར་ཤུགས་སྣོན་དགོས་པའི་གལ་ཆེན་རང་བཞིན་ལ་ངེས་ཤེས་མཐོར་འདེགས་སུ་གཏོང་དགོས་པ་དང་།  གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་བསམ་བློ་བརྗེ་རེས་བྱེད་དགོས་པ་སོགས་རྗེས་མའི་ཆུ་བེད་ཨར་ལས་དང་བཟོ་འགོད་ལྟ་སྐུལ།  བཟོ་འགོད་དོ་དམ་སོགས་བྱ་བར་ལག་རྩལ་ཕྱོགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག