མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་འདོན་ཐེངས་གཉིས་པའི་མི་རིགས་ཐང་ཆེན་ཞབས་བྲོ་གསོ་སྦྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་ནས་ཚེས29ཉིན་བར་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་རྫོང་སྤྱི་ཁྱབ་བཟོ་ཚོགས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་མི་རིགས་དོན་གཅོད་ཨུ་ལྷན་གྱིས་མཉམ་འབྲེལ་ངང་དུས་ཡུན་ཉིན3རིང་ལ་འདོན་ཐེངས་གཉིས་པའི་མི་རིགས་ཐང་ཆེན་ཞབས་བྲོ་གསོ་སྦྱོང་བྱས་པ་རེད།

མི་རིགས་ཐང་ཆེན་ཞབས་བྲོའི་གསོ་སྦྱོང་འགོ་ཚུགས་མཛད་སྒོའི་ཐོག་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་མི་སྣས་སྐུལ་སློང་གསུང་བཤད་གནང་བ་དང་། ཁོ་མོས་མི་རིགས་ཐང་ཆེན་ཞབས་བྲོའི་བྱ་འགུལ་བརྒྱུད་དེ་དམངས་ཡོངས་ཀྱི་བསམ་བློའི་ཀུན་སྤྱོད་དང་གཟུགས་གཞིའི་བདེ་ཐང་ལ་ཤུགས་བསྣན་ན། མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ངང་ཚུལ་ལེགས་པོ་རྫོང་ཡོངས་སུ་ཁྱབ་ཐུབ་པ་རེད་ཅེས་ཟེར།

གསོ་སྦྱོང་བྱེད་པའི་སྐབས་སུ། རྫོང་རིག་གནས་ཁང་གི་དགེ་རྒན་གྱིས་སེམས་ཞིབ་མོས་སློབ་མ་རྣམས་ལ་ཁྲིད་སྟོན་བྱས་པ་དང་། གཅིག་མཐུན་གྱི་གར་གྱི་སྟངས་སྟབས་དང་། བོད་གཞས་དང་འཇང་རིགས་ཀྱི་དམངས་གཞས་སོགས་ཀྱིས་རམ་འདེགས་འོག སློབ་མ་རེ་རེའི་ངོ་ལ་འཛུམ་མདངས་ཀྱིས་ཁེངས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཐོག་མར་ཤང་དང་གྲོང་རྡལ་སོ་སོའི་རིག་གནས་ལས་སྒྲུབ་མཁན་དང་རྫོང་རིམ་པའི་སྡེ་ཁག་སོ་སོ། ཞིང་གཏོགས་རྫོང་སྡོད་ཁེ་ལས་དང་ལས་དོན་སྡེ་ཁག་སོ་སོའི་ཞབས་བྲོ་འཁྲབ་རྒྱུ་དགའ་མཁན་ལ་གསོ་སྦྱོང་བྱས་ཤིང་། དེ་རྗེས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོའི་མི་རིགས་ཐང་ཆེན་ཞབས་བྲོའི་བྱ་འགུལ་ལ་སྐུལ་ཁྲིད་བྱས་པ་དང་སྦྲགས། སྡེ་ཁུལ་དང་གྲོང་མིའི་ཚོ་ཆུང་ཁག་གི་ཐང་ཆེན་དུ་ཁྱབ་པར་བྱས་པ་རེད། དུས་ཡུན་ཉིན3རིང་གི་གསོ་སྦྱོང་བྱས་པའི་འོག ཁྱོན་བསྡོམས་བོད་ཀྱི་ཞབས་བྲོ་སྣ3དང་ལི་སུའུ་རིགས་ཀྱི་ཞབས་བྲོ་སྣ1 དབྱིས་རིགས་ཀྱི་ཞབས་བྲོ་སྣ1བཅས་ཁྲིད་སྟོན་བྱས་པ་དང་། གསོ་སྦྱོང་ལ་ཞུགས་པའི་མི་ཐེངས100དང་སྐུལ་ཁྲིད་བྱས་པའི་མི600ལྷག་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག