མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོས་ནུས་ཤུགས་གང་ཡོད་བཏོན་ནས་མཐོ་རྒྱུགས་ལ་སྲུང་སྐྱོང་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་རེར་ཐེངས་གཅིག་གི་མཐོ་རྒྱུགས་མི་འགྱངས་བར་ཐོན་ཉེ་བའི་སྐབས་འདིར། མཐོ་རྒྱུགས་བདེ་བླག་ངང་སྤྲོད་པར་ཁག་ཐེག་བྱེད་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་བསྡུའི་ཨུ་ལྷན་གྱི་ཁོངས་མི་སྡེ་ཁག་སོ་སོས་གལ་ཆེའི་གཙིགས་འཛིན་དང་ འབྲེལ་འདྲེས་བརྟན་པོ་བྱས་ནས། བརྟན་བརླིང་ངང་རིམ་པ་སོ་སོའི་ལས་ཀར་སྐུལ་འདེད་བྱས་པ་རེད།

སྤྱི་བདེ་སྡེ་ཁག་གིས་ཆེད་དུ་མི་སྣ་མངག་གཏོང་བྱས་ནས་རྒྱུགས་གཞི་དང་དྲིས་ལན་འབྲི་ཤོག་སྐྱེལ་སྲུང་གི་འགན་སྲུང་ལས་ཀར་འགན་འཁུར་བྱེད་རྒྱུ་དང་། ཧུར་བརྩོན་གྱིས་རྒྱུགས་ལེན་ར་བའི་སྒྲིག་གཞིར་སྲུང་སྐྱོང་བྱེད་རྒྱུ། མེ་འགོག་མེ་གསོད་སྡེ་ཁག་གིས་རྒྱུགས་ལེན་ས་གནས་དང་། སློབ་མའི་ཉལ་ཁང་དང་ཟ་ཁང་སོགས་ཀྱི་མེ་འགོག་བདེ་འཇགས་ཀྱི་ལས་ཀ་ལེགས་པོ་སྒྲུབ་པ། གསར་འགྱུར་ལས་ཁུངས་ཀྱིས་རིགས་སོ་སོའི་སློབ་བསྡུའི་རྒྱུགས་ལེན་སྲིད་ཇུས་དང་། ཁྱིམ་བདག་དང་སློབ་མས་རྒྱུགས་ལེན་གྲ་སྒྲིག་གི་འབྲེལ་ཡོད་ཤེས་བྱའི་གསར་འགྱུར་དྲིལ་བསྒྲགས་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་སྡེ་ཁག་གིས་རྒྱུགས་ལེན་ལས་ཀའི་མགོ་མཇུག་བར་གསུམ་དུ་ཞུགས་ནས། རྒྱུགས་ལེན་དེ་ཡོངས་བསྒྲགས་དང་འདྲ་མཉམ། དྲང་བཞག་ཡོང་བར་འགན་སྲུང་བྱ་རྒྱུ་རེད།

དུས་མཚུངས་སུ། རྒྱུགས་ལེན་སློབ་མ་དང་འབྲེལ་ཡོད་མི་སྣ། རླངས་འཁོར་སོགས་རྒྱུགས་ལེན་ར་བར་སྐྱོད་སྐབས་འགྲིམ་འགྲུལ་ལ་བཀག་འགོག་ཐེབས་པའི་གནས་ཚུལ་ལ་གཞིགས་ནས། དམིགས་བསལ་གྱི“ལྗང་མདོག་ལམ་ཆེན”འཛུགས་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག