མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ས་ཞིང་ཚོང་རར་གཙང་སྒྲིག་དག་ཐེར་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས19ཉིན་ནས་ཚེས25ཉིན་བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ས་ཞིང་ཚོང་རར་གཙང་སྒྲིག་དག་ཐེར་བྱས་པ། ལས་བྱེད་ཚོ་ཆུང11གིས་སྡེ་ཁུལ་དང་གྲོང་སྡེ་ཨུ་ཡོན་ལྷན་ཁང་སོ་སོར་སོང་བ་དང་།སྐུལ་སློང་ཚོགས་འདུ་འཚོགས་པ་བརྒྱུད་ནས་ས་ཞིང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཇེ་ཟབ་ཏུ་བཏང་སྟེ།བདེ་ཆེན་ཁུལ་རྒྱལ་ཁབ་གྱི་མངའ་ཁོངས་ཐོན་ཁུངས་ཅུས་ཀྱིས་སྒྲུབ་རྒྱུར་ལྟ་སྐུལ་བྱས་པ་རེད།

བྱེད་སྒོའི་ཁྲོད།ལས་བྱེད་པས་ཧུར་ཐག་ངང་མང་ཚོགས་དང་སྤེལ་རེས་བྱས་ནས།བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཇེ་ཟབ་ཏུ་བཏང་ཞིང་།རྨོ་ཞིང་སྲུང་སྐྱོང་དང་།ཡུན་རིང་གི་ཁེ་ཕན།སྲིད་གཞུང་གིས་ཁྲིམས་མཐུན་ངང་ས་ཞིང་གཞུང་བསྡུ་བྱས་པ་དང་མི་སྒེར་གྱིས་ཁྲིམས་དང་མི་མཐུན་པའི་ས་ཞིང་ཉོ་ཚོང་གི་ཕན་གནོད་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་སློབ་གསོ་བྱས་ཏེ།མང་ཚོགས་ཀྱིས་ཐུན་མོང་ས་ཞིང་སྲུང་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་ས་ཞིང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་ཁེབས་ཁྱོན་ཇེ་ཆེར་སོང་ཡོད།རྒྱུས་ལོན་བྱུང་བ་ལྟར་ན།བྱེད་སྒོའི་ཁྲོད་མང་ཚོགས་ཚོགས་ཆེན་ཐེངས57འཚོགས་པ་དང་།ཚོགས་འདུར་ཞུགས་པའི་མི་ཐེངས3408ཟིན་པ།དྲིལ་བསྒྲགས་ལག་དེབ800བཀྲམ་ཞིང་།སྤྱི་བསྒྲགས93སྦྱར་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག