མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་བྱིས་པ་ཁང་གིས་རིག་རྩལ་འཁྲབ་སྟོན་བྱས་ནས“དྲུག་ཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས31ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་བྱིས་པ་ཁང་གིས་རྫོང་དེ་གའི་ཟློས་གར་ཁང་དུ་ནང་དོན་བྱིས་པ་དང་འབྲེལ་བའི་རིག་རྩལ་འཁྲབ་བསྟོན་བྱས་པ་རེད།

བྱིས་པ་ཁང་གི་འཛིན་གྲྭ་འབྲིང་བའི་བྱིས་པ་ཚོས་རིག་རྩལ་གླུ་གར་དང་བཅས་པ་ཕུན་སུམ་ཚོགས་པོ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་བྱེད་པར་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། འཛིན་གྲྭ་ཆུང་བ་གཉིས་པའི་བྱིས་པ་ཚོས་ཁོར་ཡུག་སྲུང་སྐྱོང་གི་གོས་དཔེ་གསར་གྱོ ན་ཏེ་ཁྱིམ་བདག་དང་མཉམ་དུ་བཟོས་པའི་འཐུམ་ཤོག་དང་། ཚགས་པར་ལ་སོགས་པའི་འཚོ་བའི་གད་སྙིགས་བེད་སྤྱོད་གཏོང་ནས་བཟོས་པའི་གསར་གཏོད་རང་བཞིན་གྱི་གོས་རྒྱན་གྱོ ན་ཏེ། ཚང་མས་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཞུགས་པ་དང་། ནུས་ཁུངས་བསྲེ་ཚགས་ལ་འབད་རྒྱུའི་འབོད་སྐུལ་གཏོང་བ་རེད། འཛིན་གྲྭ་ཆེ་བས་མི་རིགས་གླུ་གར་དང་། དེང་རབས་གླུ་གར་བཅས་གླུ་གར་དང་རིག་རྩལ་ནང་དོན་ཕུན་སུམ་ཚོགས་པ་འཁྲབ་སྟོན་བྱས་པ་དང་། དགེ་རྒན་ཚོས་བོད་ཀྱི་གླུ་གར《སེམས་ཀྱི་ཉི་ཟླ》ཞེས་བྱ་བ་འཁྲབ་སྟོན་བྱས་པ་རེད། ཐེངས་འདིར་བྱིས་པ་ཚོ་དང་དགེ་རྒན་རྣམས་པས་བསྡོམས་ན་རིག་རྩལ་ལེ་ཚན15འཁྲབ་སྟོན་བྱས་ཡོད།

རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས། འབའ་ལུང་རྫོང་བྱིས་གསོ་ཁང་གི་འགན་ཁུར་བས། ཐེངས་འདིའི་འཁྲབ་སྟོན་ཐོག་བྱིས་པ་ཚོས་ཡར་ཐོན་དང་འཚར་ལོངས་བྱུང་བའི་དྲན་ཤེས་འདུས་ཡོད་ལ། དགེ་རྒན་ཚོའི་དཀའ་སྡུག་དང་ལྷག་བསམ་ཡང་མངོན་ཡོད། ཁྱིམ་བདག་ཚོའི་རེ་སྒུག་དང་བྱམས་བརྩེ་འདུས་ཡོད། ཁྱིམ་བདག་དང་ང་ཚོས་བྱིས་པའི་སློབ་གསོའི་སྐལ་བ་བཟང་པོར་དམ་འཛིན་བྱས་ནས། བྱིས་པ་ཚོས་བདེ་ཐང་ངང་འཚར་ལོངས་བྱུང་བར་སྣེ་ཁྲིད་བྱེད་དགོས། བྱིས་དུས་ནི་ཐེངས་རེ་ལས་མེད་པས། བྱིས་པ་ཚོའི་ཆེད་དུ་ང་ཚོས་ད་དུང་མཉམ་དུ་འབད་བརྩོན་བྱེད་དགོས། “དྲུག་གཅིག”བྱིས་པའི་དུས་ཆེན་ནི་བྱིས་པ་ཚོའི་དུས་ཆེན་ཡིན་པས། བྱིས་པ་ཚོ་ནམ་ཡང་སྤྲོ་བོ་ཡོང་བར་སྨོན་ཞེས་བཤད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག