མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་ཐབས་སྣ་དྲུག་སྤྱད་དེ་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཆུ་འབྲུབ་པའི་དུས་སྐབས་སུ་སླེབས་པའི་ཚུན་དུ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་སྔོན་འགོག་བྱེད་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་བྱ་ཐབས་སྣ་དྲུག་སྤྱད་དེ་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀར་ཤུགས་སྣོན་རྒྱབ་པ་རེད།

གཅིག་ནི《ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཁྱབ》འོག་རིམ་ལ་འགྲེམ་པ་དང་རྫོང་སྲིད་གཞུང་གིས《ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀར་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་ཁྱབ》བརྒྱུད་སྤྲོད་བྱས་པ་མ་ཟད། ད་དུང་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་ཆུ་འབྲུབ་པའི་སྔ་དུས་དང་ཆུ་འབྲུབ་པའི་དུས་སྐབས་སུ་སྣ་རིགས་སོ་སོའི་རང་བྱུང་གནོད་སྐྱོན་གྱིས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་བྱུང་སླ་བའི་བདེ་འཇགས་ཀྱི་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་དང་ལེགས་བཅོས་བྱེད་སྒོ་བསྡུས་པ་རེད། གཉིས་ནི་རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཆུ་འབྲུབ་པའི་དུས་སྐབས་ཀྱི་བདེ་འཇགས་ཞིབ་བཤེར་བྱས་ཏེ། གནད་ཆེ་བ་ནི་རྡོ་སོལ་མིན་པའི་གཏེར་རི་དང་ཉེན་ཅན་རྫས་འགྱུར་དངོས་རྫས། ཤོག་སྦག་འཚོང་གཉེར་བྱེད་ས་དང་། རྫོང་ཁུལ་གྱི་ནང་དུ་གནད་ཆེ་བ་ནི་འཛུགས་བཞིན་པའི་ལས་གྲྭ་དང་བཟོ་སྐྲུན་ལས་ཡུལ། གཞུང་ལམ་སོགས་ས་གཤིས་ཀྱི་གནོད་སྐྱོན་བྱུང་སླ་བའི་ས་ཁུལ་ལ་ཕྱོགས་ཡོངས་ནས་ལེབ་བཤེར་དང་ཞིབ་བཤེར་བྱས་པ་རེད། གསུམ་ནི་གློག་འཁྱུག་དང་དྲག་རླུང་། དྲག་ཆར་སོགས་ཀྱི་གནོད་སྐྱོན་ལ་སྔོན་འགོག་བྱེད་པའི་ལས་ཀར་ཤུགས་བསྣན་པ། བཞི་ནི་བདེ་འཇགས་ཐོན་སྐྱེད་ཀྱི་མཁོ་བསྟུན་དོ་དམ་ལས་ཀར་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་ཐོག་ཏུ་སྔོན་ཚུད་ཀྱི་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཤིང་། མཁོ་བསྟུན་ནུས་ཤུགས་ཀྱི་འཛུགས་ཤུགས་ཆེ་རུ་བཏང་བ་རེད། ལྔ་ནི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཏེར་སྙིགས་འབུད་སའི་ཆེད་ལས་མཁས་པ་གདན་འདྲེན་ཞུས་ནས་རྫོང་ཁུལ་གྱི་ནང་དུ་ཐོན་སྐྱེད་བྱེད་པའི་གཏེར་སྙིགས་འབུད་སར་བདེ་འཇགས་ཞིབ་བཤེར་བྱས་ཏེ། རྫོང་ཁུལ་གྱི་གཏེར་སྙིགས་འབུད་སའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད། དྲུག་ནི་དེ་མ་ཐག་ཏུ་བསྡུ་རྒྱུའི“བདེ་འཇགས་ཐོན་སྐྱེད་བྱེད་སྒོའི་ཟླ་བ”དང་བསྟུན་ནས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་ཀྱིས་ཚན་རིག་དང་མཐུན་པའི་ཐོན་སྐྱེད་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག