མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སློབ་འབྲིང་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་ལེན་དེ་ཐོག་མར་དྲ་ཐོག་ནས་རྒྱུགས་ཤོག་གཟིགས་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་འབྲིང་སྦྱོང་ཚན་ཆུ་ཚད་ཀྱི་རྒྱུགས་ལེན་དེ་ཐོག་མར་རྩིས་འཁོར་དྲ་རྒྱའི་ལམ་ནས་རྒྱུགས་ཤོག་གཟིགས་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། དྲ་ཐོག་ནས་རྒྱུགས་ཤོག་གཟིགས་པར་སྤྱིར་བཏང་དུ་ཐེངས་གཉིས་གཟིགས་པའི་བྱེད་ཐབས་བཀོལ་ཡོད་དེ། འདྲི་གཞི་རེ་ལ་ཆེས་ཉུང་ཡང་རྒྱུགས་ཤོག་གཟིགས་པའི་དགེ་རྒན་གཉིས་ཀྱིས་རང་སྒེར་གྱིས་སྐར་གྲངས་དཔྱད་བསྡུར་བྱས་རྗེས། ད་གཟོད་འདྲི་གཞི་འདིའི་ཐོབ་སྐར་གྲུབ་ཐུབ། སྐར་འབྲས་བརྩི་ཐབས་སྔར་ལས་ཚན་རིག་དང་མཐུན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ནོར་ཆད་ལ་ཚོད་འཛིན་དང་། སྤུས་ཚད་ལ་ལྟ་ཞིབ་བྱས་པས། རྒྱུགས་ལེན་འདྲ་མཉམ་རང་བཞིན་གྱི་རྩ་དོན་མངོན་འགྱུར་བྱུང་བར་འགན་ལེན་བྱས་པ་དང་། ཕན་འབྲས་སྔར་ལས་མཐོ་བ་དང་ལས་བགོས་སྔར་ལས་ཞིབ་ཚགས་ཡིན་པ། སྐར་གྲངས་དཔྱད་བསྡུར་སྔར་ལས་འདྲ་ཉམས་དང་ཡང་དག་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སློབ་གྲྭ་སོ་སོས་ཤུགས་བསྣན་ཏེ་སློབ་མས་རྒྱུགས་གཞིའི་དྲིས་ལན་བྱང་བུ་སྤྱད་ནས་དྲིས་ལན་འདེབས་པའི་སྦྱོང་བརྡར་བྱེད་བཞིན་ཡོད་ལ། སློབ་མས་རྒྱུགས་ལེན་བརྒྱུད་རིམ་གསལ་རྟོགས་བྱེད་པར་འགན་ལེན་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག