མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཆེན་དོན་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་རྒྱུར་གྲ་སྒྲིག་ཡག་པོ་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དུས་ཚོད་ཀྱིས་སྤུས་ཚད་དང་བསྟུན་པ་རྒྱུན་འཁྱོངས་བྱས་ནས། “ཚོགས་འདུ་མི་འཚོགས་པ་བདུན”གྱི་བླང་བྱ་ལ་གཞིགས་ཏེ། ནན་ཏན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཆེད་དོན་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་(རྩ་འཛུགས་འཚོ་བའི་ཚོགས་འདུ)འཚོགས་རྒྱུར་གྲ་སྒྲིག་ཡག་པོ་བྱས་ཡོད།

གཏིང་ཟབ་ཀྱིས་སློབ་སྦྱོང་བྱས་ནས་ཚད་གཞི་བཙུགས་པ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་རང་སྦྱོང་དང་གཅིག་བསྡུས་ཀྱི་སློབ་སྦྱོང་བྱེད་པ་དང་བསྟུན་ནས། སྔར་ལས་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྲེང་བསྟར་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། ཀྲུང་དབྱངས་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱིས་གཏན་འབེབས་བྱས་པའི་ངེས་པར་དུ་ཀློག་དགོས་པའི་རྩོམ་ཡིག་དང་། ཀྲུང་དབྱངས་དང་ཞིང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་ཀའི་གྲོས་ཚོགས་སོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་བྱས།

བསམ་འཆར་བསྡུ་ལེན་བྱས་ནས་རང་བཤེར་བྱས་པ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་སོ་སོས་བསམ་འཆར་བསྡུ་ལེན་གྱི་རེའུ་མིག་དང་དམངས་གཙོས་དཔྱད་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། བསམ་འཆར་དང་གྲོས་གཞི་ཁྱོན་བསྡོམས2144བསྡུ་ལེན་བྱས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རང་ཉིད་ཀྱི་བསམ་འཆར་དང་གྲོས་གཞི4556བསྡུ་ལེན་བྱས་ཡོད།

སྙིང་གཏམ་བཤད་རེས་དང་བསམ་འཆར་བརྗེ་རེས་བྱས་ནས་བསམ་འཆར་བསྟན་པ།སྙིང་གཏམ་བཤད་རེས་དང་བསམ་འཆར་བརྗེ་རེས་བྱེད་པའི་སྐབས་སུ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་གཙོ་འགན་འཁུར་མཁན་བློ་མཐུན་དང་ལྷན་སྤྱིའི་ཁོངས་མིའི་བར། ལྷན་སྤྱིའི་ཁོངས་མི་དང་ལས་བགོས་འགན་གཉེར་བྱེད་པའི་སྡེ་ཁག་གི་འགོ་ཁྲིད་གཙོ་བོའི་བར། ལྟ་སྐུལ་སློབ་ཁྲིད་ཚོ་ཆུང་དང་ལྷན་སྤྱིའི་ཁོངས་མིའི་བར་ལ་ངེས་པར་དུ་བཤད་དགོས་པའི་བླང་བྱ་བཏོན་པ། སྙིང་གཏམ་བཤད་རེས་དང་བསམ་འཆར་བརྗེ་རེས་བྱས་ནས་མཐུན་སྒྲིལ་དངོས་བྱེད་པར་ཤུགས་བསྣན་པ།

ཏང་གཤིས་དབྱེ་ཞིབ་བྱས་ནས་འབྱུང་ཁུངས་བཙལ་བ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆེད་དོན་གྱི་དམངས་གཙོ་འཚོ་བའི་འཚོགས་འདུའི་བླང་བྱ་གཞིར་བཟུང་ནས། རིམ་པ་ཁག་གི་ལྟ་སྐུལ་སློབ་ཁྲིད་ཚོ་ཆུང་གིས་ཕྱིར་འདྲེན་པའི་བསམ་འཆར་དང་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་ལ་གཞིགས་ནས། ནན་ཏན་གྱིས་ཞིབ་བསྡུར་དང་སྐྱོན་བཤེར་གྱི་དཔྱད་ཡིག་བྲིས་ཡོད། རིམ་པ་ཁག་གི་ལྟ་སྐུལ་སློབ་ཁྲིད་ཚོ་ཆུང་དང་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་ལས་ཁང་གིས་ཞིབ་བསྡུར་དང་སྐྱོན་བཤེར་དཔྱད་ཡིག་ལ་ཞིབ་དཔྱད་ནན་པོ་བྱས་ཏེ། ཁུལ་ཡོངས་ཀྱི་བཅུ་ཆའི་དགུ་ཡན་གྱི་ཞིབ་བསྡུར་སྐྱོན་བཤེར་དཔྱད་ཡིག་རིམ་བཞིན་ཞིབ་དཔྱད་བྱས་ནས་ཡང་བསྐྱར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག