མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱི་ཞིང་གྲོང་སློབ་མའི་སློབ་ཆེན་དུ་འགྲིམ་པའི་བསྡུར་ཚད་ཇེ་མང་དུ་འགྲོ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-06-07 10:16

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་རྒྱལ་ནང་གི་སློབ་ཆེན་གྱིས་རིམ་བཞིན་ཞིང་གྲོང་སློབ་མ་བསྡུ་བའི་ཆེད་དམིགས་གཟིགས་སྐྱོང་སྲིད་ཇུས་འགྲེམ་པ་དང་། ཞིང་གྲོང་སློབ་མའི་སློབ་ཆེན་དུ་འགྲིམ་པའི་རེ་འདུན་མངོན་འགྱུར་བྱུང་ཆེད་དམིགས་བསལ་གྱི་ལྗང་མདོག་ལམ་ཆེན་བསྐྲུན་པ་རེད། ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་ཆེན་དང་ཧྭ་ཏུང་དགེ་ཐོན་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཧྲན་ཞི་སློབ་གསོ་པུའུ་ཡི་ཐད་གཏོགས་སློབ་ཆེན4 ཡུན་ནན་སློབ་ཆེན་སོགས་སློབ་ཆེན16གིས་རང་ཁུལ་གྱི་ཞིང་གྲོང་ནས་ཟུར་དུ་སློབ་བསྡུ་བྱེད་རྒྱུ་ཡིན་པ།

ངོ་སྤྲོད་བྱས་པ་ལྟར་ན། བདེ་ཆེན་ཁུལ་གྱི་མཐོ་འབྲིང་སློབ་གྲྭས་སློབ་ཆེན་རེ་རེར་སློབ་མ1ནས2འོས་སྦྱོར་བྱས་ནས་སློབ་བསྡུ་བྱེད་པར་གྲ་སྒྲིག་བྱེད་ཆོག འོས་སྦྱོར་བྱས་པའི་སློབ་མ་ངེས་པར་དུ་རྫོང་རིམ་པའམ་རྫོང་རིམ་པ་མན་གྱི་སློབ་འབྲིང་དུ་བསྟུད་མར་ལོ3གྱི་སློབ་ཐོ་དང་ཞིང་གྲོང་གི་ཁྱིམ་ཐོ་ཡོད་དགོས་པ་མ་ཟད། ཁྱིམ་ཚང་ཡང་ཞིང་གྲོང་དུ་ཡོད་དགོས།

གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། རང་ཞིང་ཆེན་གྱིས་ཚད་གཞི་ངེས་ཅན་གྱི་རང་ས་གནས་སུ་གཏོགས་པའི་དངོས་གཞི་དང་པོའི་སློབ་བསྡུའི་སློབ་ཆེན་གྱིས་ཟུར་དུ་ཞིང་གྲོང་སློབ་མ་བསྡུ་བའི་འཆར་གཞི་འགོད་རྒྱུ་ཡིན་པ་དང་། སློབ་བསྡུའི་ཆེད་ལས་ནི་ཞིང་ནགས་ལས་དང་ཆུ་བེད། ས་གཤིས་དང་གཏེར་རྫས། འཕྲུལ་ཆས། དགེ་ཐོན། གསོ་རིགས་དང་དེ་མིན་ཞིང་ལས་ལ་འཚམས་པ་དང་ཞིང་ལས་དང་འབྲེལ་བའི་དབུལ་ཕོངས་ས་ཁུལ་གྱི་མྱུར་མཁོའི་ཆེད་ལས་ཀྱིས་གཙོ་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག