མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་ཞིང་བའི་ཡོང་སྒོ་རྐྱང་བ15%ཡན་ལ་འཕར་བར་བརྩོན་ལེན་བྱེད་བཞིན་ཡོད།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-06 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྔར་ལས་ལྷག་པར་ཞིང་ལས་འཕེལ་རྒྱས་བྱེད་ཐབས་བཅོས་བསྒྱུར་བྱས་ཏེ། མངའ་ཁོངས་ཀྱི་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ་དང་ནུས་ཤུགས་ཡོད་ཚད་བཏོན་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དར་སྤེལ་བྱེད་པ། ཧུར་ཐག་སྒོས་ཞིང་ལས་ཐོན་ལས་ཅན་དུ་གཏོང་བར་སྐུལ་འདེད་བྱེད་པ། ཚན་རྩལ་ཕྱོགས་ཀྱི་རྒྱབ་བརྟེན་ཐད་ཤུགས་སྣོན་པ། སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་ལ་ཤུགས་སྣོན་པ་བཅས་ཞིང་ལས་ཕྱོགས་བསྡུས་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་ནས།  ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་བའི་ཡོང་སྒོ་འཕར་སྣོན་བྱེད་པ་དང་ཞིང་སྡེའི་འཆམ་མཐུན་བདེ་འཇགས་ལ་སྐུལ་འདེད་བྱས་པ་བརྒྱུད།  ཞིང་བའི་ཡོང་སྒོ་རྐྱང་བ15%ཡན་ལ་འཕར་བ་དང་འབྲུ་རིགས་ཀྱི་ཐོན་ཚད་ཏོན་ཁྲི17.5ལ་འཕར་བ།  ཤའི་ཐོན་ཚད་ཏུན་ཁྲི3.1ལ་འཕར་བར་བརྩོན་ལེན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག