མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཧོང་ཀྲེན་ཧུང་གིས་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ལ་ཞིབ་འཇུག་བརྟག་དཔྱད་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-09 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས30ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཧོང་ཀྲེན་ཧུང་དང་། རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲང་ཀྲི་ཅུན་གྱིས་ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་ཁྲིད་དེ་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ལ་ཞིབ་འཇུག་བརྟག་དཔྱད་བྱས་པ། ཧོང་ཀྲེན་ཧུང་གིས་ལས་འགན་འཁུར་བར་ཤུགས་སྣོན་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་དེ། ཕྱོགས་ཡོངས་ནས་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་ལས་ཀར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཞིབ་འཇུག་བརྟག་དཔྱད་བྱེད་པའི་སྐབས་སུ། ཧོང་ཀྲེན་ཧོང་དང་བཅས་པས་ཡུལ་དངོས་སུ་གནོད་སྐྱོན་ཐེབས་ཚད་ཆེས་ཆེ་བའི་བྱང་སྒོ་ཁྲོམ་གྱི་སླར་གསོ་བསྐྱར་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ད་དུང་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་རུ་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་གནས་ཚུལ་ཞུ་བར་ཉན་པ་རེད།

ཧོང་ཀྲེན་ཧུང་གིས་རྡོ་མཁར་རྫོང་དུ་“1·11”མེ་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནི་ད་ལོའི་ཁུལ་དང་རྫོང་རིམ་གཉིས་ཀྱི་སྲིད་གཞུང་གི་ལྟེ་གནས་ལས་ཀ་ཞིག་ཡིན། རང་ཁུལ་གྱིས་གཏན་ལ་འབེབས་པའི་ལོ་གསུམ་ནང་དུ་རྡོ་མཁར་རྫོང་སླར་གསོ་བསྐྱར་སྐྲུན་ལེགས་འགྲུབ་བྱུང་བའི་དམིགས་འབེན་ལས་འགན་ལ་གཞིགས་ནས།ད་ལོ་ནི་ལས་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། མཁྲེགས་གཏོར་གྱི་ལོ་ཞིག་ཀྱང་ཡིན། དུས་ཚོད་ཉུང་བ་དང་། ལས་འགན་ཚབས་ཆེ་བའི་རྐྱེན་གྱིས། ང་ཚོས་ངེས་པར་དུ་མང་ཚོགས་ཀྱིས་འདོད་བློ་སྐོང་རྒྱུ་དེ་ང་ཚོའི་ལས་ཀའི་ཚད་གཞིར་འཛིན་ནས། སླར་གསོ་བསྐྱར་སྐྲུན་ལས་ཀའི་སྒྲུབ་ཚད་མགྱོ གས་པོར་གཏོང་དགོས་ཞེས་བསྟན།

ཧོང་ཀྲེན་ཧུང་གིས་རྡོ་མཁར་རྫོང་གི་སླར་གསོ་བསྐྱར་སྐྲུན་བྱེད་དུས་ངེས་པར་དུ་ལོ་རྒྱུས་དང་རིག་གནས་ལ་སྲུང་སྐྱོད་བྱེད་པའི་རྩ་དོན་ལྟར། ཚན་རིག་དང་མཐུན་པའི་འཆར་གཞི་འགོད་པ། གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་དགོས། བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣས་ནན་ཏན་གྱིས་ལས་འགན་འཁུར་དགོས། ཨར་ལས་རྒྱག་པའི་ལས་ཁུངས་ཀྱིས་ལས་འགན་འཁུར་ཞིང་། རྡོ་མཁར་རྫོང་གི་ལོ་རྒྱུས་ཤེས་དགོས། ལྕགས་མདོང་ས་འོག་འཇོག་པའི་ལས་ཀ་ཟླ་ཕྱེད་ཀྱི་ནང་དུ་ལེགས་འགྲུབ་བྱུང་དགོས་པ་མ་ཟད། ད་དུང་དུད་རེའི་སྡོད་དམངས་ཀྱི་འཇུག་སྒོ་གཞག་དགོས་ཏེ།ད་ཕྱིན་དུ་སྡོད་ཁང་བསྐྱར་སྐྲུན་བྱེད་དུས་ཡང་བསྐྱར་ཨར་ལས་རྒྱག་པར་སྔོན་འགོག་བྱེད་དགོས། དུས་མཚུངས་སུ་ལམ་ངོས་སླར་གསོ་དང་སྡོད་ཁང་བསྐྱར་སྐྲུན་བྱེད་པའི་ལས་ཀ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྡོད་ཁང་སླར་གསོ་བསྐྱར་སྐྲུན་བྱེད་པར་ནུས་ཁོངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།

ཡོམ་འགོག མེ་འགོག་གི་དེང་སྐབས་རྒྱུ་ཆ་བདམས་སྤྱོད་བྱེད་དགོས། ངེས་པར་དུ་མང་ཚོགས་ལ་དངོས་ཡོད་ཀྱི་ཡོ་བྱད་མཐོང་དུ་འཇུག་དགོས་ཤིང་། གང་མགྱོ གས་ཀྱིས་མིག་དཔེའི་ཁང་པ་བཟོ་དགོས། ཞིང་ཆེན་སྲིད་གཞུང་གི་ཡུལ་དངོས་སུ་སྐུལ་འདེད་ཚོགས་འདུ་འཚོགས་པའི་གོ་སྐབས་དམ་འཛིན་བྱས་ནས། རང་ཁུལ་གྱི་ལས་ཀར་ཐོབ་པའི་གོང་འཕེལ་དང་གོང་རིམ་གྱིས་རོགས་སྐྱོར་བྱེད་དགོས་པའི་གནད་དོན་ཇི་བཞིན་གོང་ལ་ཞུ་དགོས་ཞེས་བསྟན།

ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་། རྡོ་མཁར་རྫོང་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་བཅས་ཀྱིས་ཞིབ་འཇུག་བྱེད་རོགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག