མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འཇོལ་རྫོང་གིས་ཤེས་ཡོན་ཐོན་དབང་གི་ཤེས་བྱར་དྲིལ་བསྒྲགས་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-09 10:45

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གིས《བདེ་ཆེན་ཁུལ་ཤེས་ཡོན་ཐོན་དབང་ཅུས་ཀྱི་2014ལོའི“ཤེས་ཡོན་ཐོན་དབང་གི་དྲིལ་བསྒྲགས་གཟའ་འཁོར”བྱེད་སྒོའི་སྐོར་གྱི་བརྡ་ཡིག》གཞིར་བཟུང་ནས།ཤེས་ཡོན་ཐོན་དབང་གི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིར་དྲིལ་བསྒྲགས་བྱེད་པའི་དམིགས་ཡུལ་ནི།མི་མང་ཆེ་བས་འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་འབྲེལ་བའི་ཤེས་ཡོན་ཐོན་དབང་གི་སྲུང་སྐྱོབ་སྒྲིག་ལམ་ལ་ཤེས་རྟོགས་བྱ་རྒྱུ་དང་།ཁེ་ལས་དང་སྤྱི་དམངས་ཀྱི་ཤེས་ཡོན་ཐོན་དབང་གི་འདུ་ཤེས་ཇེ་མཐོར་གཏང་རྒྱུ་དེ་རེད།《ཤེས་ཡོན་ཐོན་དབང་གི་སློབ་གསོའི་ཀློག་དེབ》དང་《ཡུན་ནན་ཞིང་ཆེན་གྱི་ཆེད་ཁེའི་སྲིད་འཛིན་ཐོག་ནས་སྲུང་སྐྱོབ་དང་དབང་སྲུང་སྐོར་གྱི་ཕྱོགས་སྟོན》《ཆེད་ཁེའི་བདག་དབང་ཐོབ་འདུན་ཞུ་བ་དང་ཞིབ་བཤེར་བརྒྱུད་རིམ་གྱི་རི་མོ》《ཤེས་ཡོན་ཐོན་དབང་གི་གཞི་རྩའི་དོན་སྤྱི》《ཆེད་ཁེའི་བདག་དབང་ཐོབ་འདུན་ཞུ་བའི་ཤེས་བྱ》《ཤེས་ཡོན་ཐོན་དབང་གི་དྲིལ་བསྒྲགས་ལག་དེབ》བཅས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་2200བཀྲམ་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག