མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཉིན་རེར་ཚགས་པར་ཁང་གི་རྩོམ་རིགས་དྲུག་ལ་ཡུན་ནན་ཚགས་པར་ལས་རིགས་ཀྱི་གསར་འགྱུར་བྱ་དགའ་ཐོབ་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-08 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས24ཉིན་ནས་ཚེས25ཉིན་ལ་ཁུན་མིང་དུ་སྐབས་བཅུ་དྲུག་པའི(2013ལོ)ཡུན་ནན་ཚགས་པར་ཁང་གི་གསར་འགྱུར་བྱ་དགའ་གནང་བའི་ཚོགས་འདུ་འཚོགས་ཤིང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་རྩོམ་རིགས6ལ་བྱ་དགའ་ཐོབ་པ་རེད།

བདེ་ཆེན་ཉིན་རེར་ཚགས་པར་ཁང་གིས་ཇུས་འགོད་བྱས་པའི་《“8·28”དང“8·31”ས་འགུལ་གྱི་ཕྲེང་བསྟར་གསར་འགྱུར་གྱི་ཇུས་འགོད》ལ་གསར་བསྐྲུན་ཇུས་འགོད་བྱ་དགའི་ཐུན་མོང་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དབྱང་ཧུང་ཁྲེང་གིས་རྩོམ་འབྲི་གནང་བ་དང་། ཝང་ཆིན་དང་ཡུས་ཧྥུ་ཆོན་གྱིས་རྩོམ་སྒྲིག་བྱས་པའི་གཏམ་བརྗོད《“ཚག་སྒྲ”ལའང་ཉན་པར་བྱ》ལ་གཏམ་བརྗོད་དང་དུས་དོན་དཔྱད་གཏམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ། དབྱང་ཚུའེ་ཧའེ་ཡིས་རྩོམ་འབྲི་གནང་བ་དང་ཀྲང་གོ་ཧྭས་རྩོམ་སྒྲིག་བྱས་པའི་གསར་འགྱུར་རྒྱས་རྩོམ《མི་ཚེ་ཧྲིལ་པོ་ཁྱེད་དང་ཁ་མི་བྲལ》ལ་གསར་འགྱུར་མི་སྣའི་གསར་འགྱུར་བྱ་དགའ་ཨང་གསུམ་པ་ཐོབ་པ། བདེ་ཆེན་ཉིན་རེར་ཚགས་པར་ཁང་གི་པར་རིས་ཚན་སྒྲིག《ཡུལ་དངོས་སུ་རོགས་སྐྱོར་གནང་བ》ལ་ཡུལ་དངོས་ཀྱི་པར་ལེན་བྱ་དགའི་ཐུན་མོང་བྱ་དགའ་ཨང་གསུམ་པ་ཐོབ་པ།

ཀྲང་གོ་ཧྭས་རྩོམ་འབྲི་གནང་བའི་དཔྱད་རྩོམ《བདེ་ཆེན་གྱི་བོད་སྐད་སྨྱན་བྱད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བསྐྱོད་གསར་པར་མངོན་འགྱུར་བྱུང་བ》དང་ཁྲེང་ཀྲི་ཁའེ་ཡིས་རྩོམ་འབྲི་གནང་བའི《ཉེ་བཅར་རང་བཞིན་གྱི་ཁ་བྱང་ལས་ཏེ། བོད་ཁུལ་ཏང་གི་ཚགས་པར་གྱི་ཤུགས་རྐྱེན་ཚད་ཇེ་མཐོར་གཏོང་བ》ལ་སྐབས་གཉིས་པའི་ཡུན་ནན་ཚགས་པར་ལས་རིགས་ཀྱི་གསར་འགྱུར་དཔྱད་རྩོམ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ཞིང་ཆེན་སྐབས་བཅུ་དྲུག་པའི(2013ལོ)ཡུན་ནན་ཚགས་པར་ལས་རིགས་ཀྱི་བྱ་དགའ་ཐོབ་པའི་རྩོམ་རིགས115ཡོད་ལ། འདིའི་ཁྲོད་དུ་བྱ་དགའ་ཨང་དང་པོ17དང་ཨང་གཉིས་པ48 ཨང་གསུམ་པ50ཡོད་པ་རེད། བྱ་དགའི་རྣམ་གྲངས་སུ་གསར་བསྐྲུན་ཇུས་འགོད་དང་རྒྱུན་སྲོལ་གསར་འགྱུར། གཏམ་བརྗོད་དང་དུས་དོན་དཔྱད་གཏམ། གཏིང་ཟབ་ཀྱི་བརྟག་དཔྱད། གསར་འགྱུར་མི་སྣ། འཚོ་བའི་ཞབས་ཞུ། ཆེད་དོན་པར་ལེན། ཚོང་རྟགས་གྲགས་ཅན་གྱི་ཆེད་ཚན། པར་ངོས་རྩོམ་སྒྲིག ཐོལ་བྱུང་གསར་འགྱུར། ཡུལ་དངོས་ཀྱི་པར་ལེན། གསར་འགྱུར་ཁ་བྱང་སོགས་རིགས12ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག