མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུས་ཀྱིས་ཤུགས་ཡོངས་བཏོན་ནས་ངལ་གསོའི་ཉིན་མོར་བདེ་འཇགས་སྲུང་སྐྱོང་བྱས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-08 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”དུས་སུ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུས་ཀྱིས་ཆེད་དོན་ཚོགས་འདུ་བསྡུས་ནས། བྱེད་སྒོའི་སྡེ་ཁག་སོ་སོ་དང་འགྲིམ་འགྲུལ་ཉེན་རྟོགས་རུ་ཁག་ཆེན་མོ། གཞི་རིམ་ཉེན་རྟོགས་ཞབས་ཞུའི་ས་ཚིགས། སྤྱི་བདེ་མངག་གཏོང་ཁང་སོགས་སྡེ་ཁག་གི་ལས་རེས་གྲ་སྒྲིག་བྱེད་མཁན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་དང་། སྡེ་ཁག་སོ་སོའི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་འོས་འཚམས་ཀྱིས་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས། རྣམ་གྲངས་སོ་སོའི་སྤྱི་བདེའི་ལས་ཀ་རྒྱུན་ལྡན་དང་གོ་རིམ་ལྡན་པའི་ངང་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། “ལྔ་གཅིག”དུས་སུ་སྡེ་ཁག་སོ་སོས་ནན་ཏན་གྱིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས། དོན་དངོས་སུ་གཞུང་སྒྲུབ་རླངས་འཁོར་གྱི་དོ་དམ་དང་བེད་སྤྱོད་ལ་ཤུགས་བསྣན་པ་དང་། སྤྱི་ཚོགས་བདེ་འཇགས་གྱི་དོ་དམ་བྱེད་ཚད་ཆེ་རུ་བཏང་བ། འབར་གས་སླ་བའི་དངོས་རྫས་དང་འགྲིམ་འགྲུལ་བདེ་འཇགས། མེ་གསོད་བདེ་འཇགས་ཀྱི་ཞིབ་བཤེར་དང་དོ་དམ་ལ་ཤུགས་བསྣན་པ། ལས་རེས་དང་ལས་ཀའི་གྲ་སྒྲིག་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་ལས་གནས་སུ་མེད་པ་དང་ལས་གནས་དང་ཁ་བྲལ་བ་སོགས་ལ་གཏན་འགོག་བྱས་པ། ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ལས་ཀར་ཤུགས་བསྣན་པ། “ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད”དང་“སྤྱི་བདེ་པུའུ་ཡི་བཀག་རྒྱ་ལྔ”“སྒྲིག་ཁྲིམས་སྣ་གསུམ”“གཏན་འགོག་དྲུག”སོགས་འབྲེལ་ཡོད་ཀྱི་སྒྲིག་ཁྲིམས་ལྟར་ལས་ཀ་བསྒྲུབས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག