མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁྲེན་ཧྥེང་ཞུའེ་ཡིས་བདེ་ཆེན་དུ་ཞིབ་འཇུག་བརྟག་དཔྱད་གནང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-08 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས29ཉིན། རྒྱལ་ཁབ་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཧྥེང་ཞུའེ་ཡིས་ཡུན་ནན་ཞིང་ཆེན་བདེ་ཆེན་དུ་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་ཐང་ཧྲོའུ་ཀྲེན། ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ཧོའུ་ཞིན་ཧྭ། རྒྱལ་ཁབ་ནགས་ལས་ཅུས་རང་བྱུང་ནགས་ཚལ་སྲུང་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་སུན་ཀུའོ་ཅི། རྒྱལ་ཁབ་ནགས་ལས་ཅུས་ཀྱི་སྲུང་སྐྱོང་སི་ཡི་སྐོར་གཟིགས་པ་མེང་ཧྲ། རྒྱལ་ཁབ་ནགས་ལས་ཅུས་ཀྱི་བྱེ་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཆིང་། རྒྱལ་ཁབ་ནགས་ལས་ཅུས་ཁུན་མིང་རྩད་ཞིབ་ཇུས་འགོད་ཡོན་གྱི་ཡོན་ཀྲང་ཐང་ཧྥང་ལིན། ནགས་ལས་ཚན་རིག་ཞིབ་འཇུག་ཡོན་གྱི་ཡོན་ཀྲང་དབྱང་ཡུས་མིང་བཅས་ཀྱིས་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།

ཁྲེན་ཧྥང་ཞུའེ་དང་བཅས་པས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་དངོས་སུ་ཞིབ་འཇུག་བརྟག་དཔྱད་གནང་དུས། ཞིབ་ཕྲའི་ངང་ནས་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་དོ་དམ། སྲུང་སྐྱོང་སོགས་དང་འབྲེལ་ཡོད་ལས་ཀར་རྒྱུས་ལོན་བྱས་པ་མ་ཟད། ད་དུང་བདེ་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་པར་ཐོབ་པའི་ཉམས་མྱོང་དང་ཕན་ནུས་ལ་གདེང་འཇོག་ཡག་པོ་གནང་བ་རེད། ཁོང་གིས་པོ་ཏ་མཚོ་ནི་ཀྲུང་གོ་སྐམ་ས་ཆེན་པོའི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོ་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་“ནན་ཏན་གྱིས་སྲུང་སྐྱོང་བྱེད་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། ལུགས་མཐུན་གྱིས་གསར་གཏོད་བྱེད་པ། བསྟུད་མར་བེད་སྤྱད་བྱེད་པའི”རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་བྱ་ཐབས་དང་ཉམས་མྱོང་མིག་དཔེར་འཛིན་ནས། འཁོར་སྐྱོད་ནུས་ཆེའི་དོ་དམ་སྒྲིག་གཞི་འཛུགས་པ་དང་། བདག་གཉེར་དོ་དམ་གྱི་སྒྲིག་གཞི་ལེགས་འགོད་བྱེད་པ། རང་བྱུང་ཐུན་ཁོངས་སྲུང་སྐྱོང་བྱས་ཏེ། སྲུང་སྐྱོང་དང་གོང་འཕེལ་བར་གྱི་ཟུང་འབྲེལ་དམ་ཚགས་མངོན་འགྱུར་ཡོང་དགོས་ཞེས་བསྟན་པ།

ཉིན་དེའི་ཕྱི་དྲོར། ཁྲིན་ཧྥེང་ཞུའེ་དང་བཅས་པས་རྒྱལ་སྤྱིའི་གནད་ཆེའི་རློན་ས་དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནགས་ཕག་མཚོར་ཞིབ་འཇུག་བརྟག་དཔྱད་གནང་ཞིང་། ཞིབ་ཕྲའི་ངང་ནས་རློན་སའི་ཁོར་ཡུག་སྲུང་སྐྱོང་ལས་ཀའི་སྒྲུབ་ཚུལ་དང་རློན་སའི་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་རྒྱུས་ལོན་བྱས་ནས། ཁོང་གིས་སྔར་ལས་ལྷག་པར་རློན་སའི་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་ཚན་རིག་དང་མཐུན་པའི་འཆར་གཞི་འགོད་པ། ནན་ཏན་གྱིས་རློན་སའི་སྲོག་ཆགས་དང་རྩི་ཤིང་གི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།

ཁུན་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་དང་། ཁུལ་ནགས་ལས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ཞིབ་འཇུག་བརྟག་དཔྱད་བྱེད་རོགས་གནང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག