མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་གསར་འགྱུར་ལྟ་དཔྱད་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-08 10:41

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་28ཉིན།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འབོར་ཚོ་དང་པོའི་གསར་འགྱུར་ལྟ་དཔྱད་པ་གདན་འདྲེན་ཞུ་བ་དང་གདན་འདྲེན་ཞུ་ཡིག་གནང་བའི་གྲོས་ཚོགས་འཚོགས།བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའུ་ཡུང་མིང་གིས་གསར་དུ་གདན་འདྲེན་ཞུས་པའི་གསར་འགྱུར་ལྟ་དཔྱད་པ11ལ་གདན་འདྲེན་ཞུ་ཡིག་གནང་བ་རེད།ཁུལ་སྲིད་གཞུང་གི་སྐོར་གཟིགས་པ་གཞོན་པའི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཨོ་རྒྱན་བསྟན་འཛིན་སོགས་མི་སྣ་11ལ་རང་ཁུལ་གྱི་འབོར་ཚོ་དང་པོའི་གསར་འགྱུར་ལྟ་དཔྱད་པ་རུ་གདན་འདྲེན་ཞུས་པ་རེད།ཕྱིན་ཆད།གསར་འགྱུར་ལྟ་དཔྱད་པས་རང་ཁུལ་གྱི་ཚགས་པར་དང་དྲ་བའི་རིགས་དང་།ལག་ཁྱེར་ཁ་པར་རིགས་ཀྱི་གསར་འགྱུར་དང་རྒྱང་བསྒྲགས་བརྙན་འཕྲིན་རིགས་ཀྱི་གསར་འགྱུར་ལ་ལྟ་དཔྱད་བྱ་རྒྱུ་རེད།

གྲོས་ཚོགས་ཐོག་གསལ་འབེབས་བྱས་དོན།ལྟ་དཔྱད་པ་ནི་ལོ་རེར་ཐེངས་རེ་གདན་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན་ཞིང་།ལྟ་དཔྱད་པས་གཙོ་བོར་རང་ཁུལ་གྱི་གསར་འགྱུར་སྨྱན་བྱད་ཀྱི་སྣེ་ཁྲིད་སྒྱུ་རྩལ་དང་ཁ་བྱང་།སྒྲིག་སྟངས་སོགས་ཐད་ལ་ལྟ་དཔྱད་བྱ་རྒྱུ་ཡིན་ཞིང་།འགན་འཁུར་བའི་ལྟ་དཔྱད་བྱ་ཡུལ་གྱིས་པར་བསྐྲུན་པ་དང་།རྒྱང་བསྒྲགས་དང་བརྙན་འཕྲིན་གཏོང་བའི་ནང་དོན་ལ་ལྟ་ཉན་དང་ལྟ་དཔྱད་བྱ་རྒྱུ་ཡིན་ལ།གལ་ཆེའི་ལྟ་དཔྱད་ནང་དོན་དང་བཟུང་འབྲེལ་བྱས་ནས།གསར་འགྱུར་རྩོམ་ཡིག་ཡག་པོ་དང་ཞན་པའམ།ཁྱད་ཆོས་ལྡན་པའི་གསར་འགྱུར་རྩོམ་ཡིག་ལ་ལྟ་དཔྱད་བྱ་ཞིབ་ཕྲ་བྱ་རྒྱུ་ཡིན་པས།དེ་ལ་བརྟེན་ནས་རང་ཁུལ་སྨྱན་བྱད་ཀྱི་གསར་འགྱུར་དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གོམ་གང་མདུན་སྤོས་ཀྱིས་རང་ཁུལ་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱེད་ཤུགས་མཐོ་རུ་གཏོང་བ་དང་གསར་འགྱུར་སྨྱན་བྱད་ཀྱི་ལས་གཉེར་ནུས་ཤུགས་མཐོ་རུ་གཏོང་བ།གསར་འགྱུར་དྲིལ་བསྒྲགས་ཀྱི་ལྟ་སྐུལ་དོ་དམ་ལས་ཀར་ཤུགས་སྣོན་རྒྱག་པའི་ཆེད་དུ།རང་ཁུལ་གྱི་གསར་འགྱུར་ལྟ་དཔྱད་ལས་ཀ་དེ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཛུབ་སྟོན་དང་རྩ་འཛུགས་མཐུན་སྦྱོར་བྱས་འོག་བྱེད་རྒྱུ་རེད།འབྲེལ་གཏུག་དང་མཐུན་སྦྱོར།ཞབས་འདེགས་བཅས་བྱེད་བདེ་བའི་ཆེད་དུ།བདེ་ཆེན་ཁུལ་གྱི་གསར་འགྱུར་ལྟ་དཔྱད་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད་དེ།གསར་འགྱུར་ལྟ་དཔྱད་ལས་ཀའི་རྩ་འཛུགས་དང་འབྲེལ་གཏུག མཐུན་སྦྱོར།ཞབས་འདེགས་དང་དོ་དམ་བཅས་ཀྱི་འགན་ནུས་འཁུར་རྒྱུ་ཡིན་ཞིང་།ཟླ་རེ་བཞིན《བདེ་ཆེན་གསར་འགྱུར་ལྟ་དཔྱད》རྩོམ་སྒྲིག་པར་འགྲེམས་བྱེད་རྒྱུ་རེད།

གྲོས་ཚོགས་ཐོག་ད་དུང་ཡུན་ནན་ཞིངཨུའི་དྲིལ་བསྒྲགས་པུའུ་གསར་འགྱུར་པར་སྐྲུན་ཁྲུའུ་ཡི་གསར་འགྱུར་ལྟ་དཔྱད་ཚན་པའི་རྒྱང་བསྒྲགས་ཚན་ཆུང་གི་འགོ་འཛིན་ཧོ་ཅི་ཁྲང་གིས་གདན་ཞུས་ལྟར་གསོ་སྦྱོང་འཆད་ཁྲིད་བྱས་པ་རེད།

ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་།ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས།བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རང་ཁུལ་གྱི་འབོར་ཚོ་དང་པོའི་གསར་འགྱུར་ལྟ་དཔྱད་པ་སོགས་གསོ་སྦྱོང་དུ་ཞུགས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག