མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས་རྩྭ་ཐང་སྲུང་སྐྱོང་དང་ཁྲིམས་འཛིན་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-04 10:55

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  སྔར་ལས་ལྷག་པར་རྩྭ་ཐང་གི་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཁྱབ་གདལ་དུ་གཏོང་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས་རྩྭ་ཐང་སྲུང་སྐྱོང་དང་ཁྲིམས་འཛིན་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ།

སེམས་ཀྱི་ཉི་ཟླ་རྫོང་ཕྱུགས་ལས་ཅུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང《བདེ་ཆེན་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག》བཅས་འབྲེལ་ཡོད་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་སོགས་ནང་དོན་འདུས་པའི་རྩྭ་ཐང་ཤེས་བྱའི་དྲིལ་སྒྲོག་ཟླ་འཁོར་བྱ་འགུལ་སྤེལ།  རྫོང་དང་ཤང་གྲོང་དུ་དྲིལ་བསྒྲགས་བྱ་འགུལ་ཐེངས12སྤེལ་བ་དང་།  དྲིལ་བསྒྲགས་བྱང་བུ11འགེལ་བ།  དྲིལ་བསྒྲགས་ཡུག་ཆ2འགྲེམ་གཏོང་བྱས་པ།  དྲིལ་བསྒྲགས་རླངས་འཁོར་ཐེངས12ལ་མངགས་གཏོང་བྱེད་པ།  རྩྭ་ཐང་བཅའ་ཁྲིམས་དང་རྩྭ་ཐང་དོ་དམ་ཁྲིམས་ལུགས།  སྲིད་ཇུས་ཡིག་ཆ་ཕྱོགས་བསྡུས་ལག་དེབ་བཅས663འགྲེམ་གཏོང་བྱས་པ་དང་མང་ཚོགས18000ལྷག་རྩྭ་ཐང་སྲུང་སྐྱོང་དང་ཁྲིམས་ལུགས་ཤེས་བྱའི་སློབ་གསོ་ལ་ཞུགས་པས།  དམངས་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག