མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་དཔེ་ཆ་གསར་པ་དེབ3800བརྗེས་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-05-04 10:15

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན་ནི་ཨང་19པའི“འཛམ་གླིང་གི་དཔེ་ཆ་ཀློག་པའི་ཉིན”རེད། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དཔེ་མཛོད་ཁང་གིས་དཔེ་ཆ་གསར་པ་རྗེ་བ་དང་དཔེ་ཆ་ཀློག་པར་ཁྲིད་སྟོན་བྱས་པ། དཔེ་དེབ་གཡོར་ལེན་གྱི་དཔང་ཡིག་འགྲིམ་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

བདེ་ཆེན་ཁུལ་དཔེ་མཛོད་ཁང་གི་རྒྱལ་ཐང་སློབ་ཆུང་ཡན་ལག་དཔེ་མཛོད་ཁང་དང་། མེ་གསོད་རུ་ཁག་གི་ཡན་ལག་དཔེ་མཛོད་ཁང་། 78096དམག་དཔུང་ཡན་ལག་རུ་ཁག་73གྱི་གསར་འགྱུར་བརྒྱ་ཤོག་བཅས་སུ་སླེབས་ཏེ་དཔེ་ཆ་གསར་པ་དེབ3800ཉེ་བ་བརྗེས་ཤིང་། སྣ་རིགས་ལ་ཚན་རྩལ་དཔེ་ཆ་དང་བྱིས་སྒྲུང་གཏམ་རྒྱུད། སེམས་ཁམས་བདེ་ཐང་སོགས་ཡོད།

དུས་མཚུངས་སུ། རྒྱལ་ཐང་སློབ་ཆུང་ལ་རམ་འདེགས་བྱས་ནས “སྐབས་དང་པོའི་དཔེ་ཆ་ཀློག་པའི་དུས་ཆེན”གྱི་བྱ་དགའ་ཡོད་པའི་རྩོམ་ཡིག་བསྡུ་བ་དང་སྐད་གསང་པོས་ཀློག་པའི་འགྲན་བསྡུར་སོགས་དཔེ་ཆ་ཀློག་པར་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ། སློབ་མ་དང་དཔོན་དམག་འགའ་ཤས་སྒྲིག་འཛུགས་བྱས་ནས་ཁུལ་དཔེ་མཛོད་ཁང་དུ་དཔེ་དེབ་གཡོར་ལེན་གྱི་དཔང་ཡིག་འགྲིམ་པ་རེད།

བྱེད་སྒོ་སྤེལ་ནས། དེ་བས་མང་བའི་མིས་དཔེ་མཛོད་ཁང་ལ་རྒྱུས་ལོན་བྱུང་བ་དང་། དཔེ་མཛོད་ཁང་སྤྱོད་ཤེས་ནས། སྔར་ལས་མཐོ་བའི་དཔེ་མཛོད་ཁང་གི་ཞབས་འདེགས་ཞུ་ཚད་མཐོ་རུ་བཏང་བ།

ཡང་བསྐྱར་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས23ཉིན། འཇོལ་རྫོང་དཔེ་མཛོད་ཁང་གིས་སྲིད་འཛིན་ལྟེ་གནས་སུ“འཛམ་གླིང་གི་དཔེ་ཆ་ཀློག་པའི་ཉིན”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བྱེད་སྒོས་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་དང་འཕྲེད་འགེལ་སྦྱར་ཚིག་བཀལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག