མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་པར་བསྐྲུན་ལྐོག་པར་སྐོར་ཞིག་མེད་པར་བཟོས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-30 10:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས24ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་པར་དུ་བསྐྲུན་རིགས་ལྐོག་པར་སྐོར་ཞིག་མེད་པར་བཟོས་པའི་བྱ་འགུལ་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་གི་ཟླ་འོད་ཐང་ཆེན་དུ་བསྡུས།

 བདེ་ཆེན་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་གསར་འགྱུར་པར་སྐྲུན་ཅུའུ།  ཁུལ་རྒྱལ་ཁབ་བདེ་སྲུང་ཅུའུ།  ཁུལ་བཟོ་ཚོང་ཅུའུ། ཁུལ་ཤེས་བྱའི་བདག་དབང་ཅུའུ་དང་ཁུལ་སྤྱི་བདེ་བདེ་སྲུང་རུ་ཁག་བཅས་ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང“ཚུལ་ངན་གཙང་འཕྱག་དང་རྫུན་མར་རྡུང་རྡེག”གཞུང་སྒྲུབ་ཁང་། རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཁག་སོགས་ཐེངས་འདིའི་བྱ་འགུལ་སྟེང་ཞུགས།

ཉིན་དེར།  ཁྲིམས་ལྟར་སྒྲ་བསྐྱེད་འོད་སྡེར་རྫུན་པར50178དང་།  འདོད་ལོག་ཆགས་སྲེད་ཀྱི་སྒྲ་བསྐྱེད་འོད་སྡེར2173།  ཁྲིམས་འགལ་གྱི་སྨན་བཅོས་ཚོང་འཕྲིན་དུས་དེབ་དང་པར་དུ་བསྐྲུན་པའི་དཔེ་ཆ་ལྐོག་པར1876།  འཁོར་རྒྱུག་སྒྲ་བསྐྱེད་སྒྲིག་ཆས6།  EVDསྒྲ་སྐྱེལ་འཕྲུལ་ཆས9།  ཁྲིམས་འགལ་གྱིས་ཕྱི་ཚོང་བྱེད་པའི་འཁོར་སྐར་བསྡུ་ལེན་སྒྲིག་ཆས132བཅས་མེད་པར་བཟོས།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག