མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་འགྱུར་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་5.5ཟིན་ཐུབ་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-30 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་སྔོ་འགྱུར་དང་གསལ་འགྱུར་ལས་ཀའི་ལག་བསྟར་བསམ་འཆར་དང་དཔྱད་ཞིབ་བྱ་ཐབས》(གཤམ་ལ་བསྡུས་མིང་དུ《བྱ་ཐབས》འབྲི་རྒྱུ་ཡིན)བཏོན་ཏེ།ཁྱོན་ཡོངས་ནས་རང་ཁུལ་གྱི་གྲོང་ཁྱེར་སྔོ་འགྱུར་དང་གསལ་འགྱུར་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་དང་།གྲོང་ཁྱེར་གྱི་གནས་སྡོད་ཁོར་ཡུག་ལེགས་སུ་གཏོང་བ།གྲོང་ཁྱེར་གྱི་འཛུགས་སྐྲུན་དེ་ཁྱོན་ཡོངས་དང་།མུ་མཐུད་དུ་འཕེལ་རྒྱས་ཡོང་བར་སྐུལ་གཏོང་རྒྱུ་རེད།

《བྱ་ཐབས》ཐོག་གྲོང་ཁྱེར་གྱི་སྔོ་འགྱུར་དང་གསལ་འགྱུར་དམིགས་ཡུལ་ལ་བླང་བྱ་བཏོན་ཡོད་དེ།གྲོང་ཁྱེར་གྱི་སྔོ་འགྱུར་དམིགས་ཡུལ་ནི། 2015ལོར་གསར་སྤེལ་ཆུས་ཀྱིས་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་གྱི་འཛུགས་སྐྲུན་དམིགས་ཚད་དེ་ལོང་དགོས་པ་དང་།2016ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུའི་ཞུ་ཡིག་འབུལ་རྒྱུ་ཡིན་པ། 2017ལོར་འབའ་ལུང་རྫོང་གིས་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུའི་ཞུ་ཡིག་འབུལ་རྒྱུ་ཡིན་པ། 2018ལོར་འཇོལ་རྫོང་གིས་ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུའི་ཞུ་ཡིག་འབུལ་རྒྱུ་ཡིན་པ་རེད།ས་ཁོངས་ཀྱི་སྔོ་འགྱུར་ས་ཆའི་ཁྱབ་ཚད་25%ཟིན་རྒྱུ་ཡིན་ཞིང་སྔོ་འགྱུར་ཁྱབ་ཚད་30%ཟིན་རྒྱུ་ཡིན་པ།མི་རེའི་ཆ་སྙོམས་ཀྱི་སྤྱི་གླིང་སྔོ་འགྱུར་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་5.5ཟིན་ཐུབ་རྒྱུ་རེད།

གྲོང་ཁྱེར་གྱི་གསལ་འགྱུར་ལས་ཀའི་དམིགས་ཡུལ་ནི། 2014ལོའི་ཟླ་8པའི་ཟླ་མཇུག་ཏུ།རྫོང་གསུམ་དང་ཆུས་གཅིག་གི་ཁྲོམ་ལམ་གཙོ་བོའི་ལམ་བུའི་གསལ་འགྱུར་ཚད་98%ཟིན་དགོས་ཞིང་།ཁྲོམ་ལམ་འགྲམ་གྱི་རིག་གནས་འཛུགས་སྐྲུན་དངོས་པོ་དང་གཙོ་ཆེའི་སྲིད་གཞུང་གི་གཞུང་ལས་འཛུགས་སྐྲུན་དངོས་པོ། སྨན་ཁང་།སྔོ་འགྱུར་ས་ཆའི་སྤྱི་གླིང་།ཚོང་ལས་དང་རིག་གནས་ཁྲོམ་ལམ།གྲོང་ཁྱེར་གྱི་མཚོན་བྱེད་འཛུགས་སྐྲུན་དངོས་པོ།སྡོད་ཁང་ཁུལ་ཆུང་བ་སོགས་ཀྱི་གསལ་འགྱུར་ལས་གྲྭ་ཡོངས་སུ་གྲུབ་ཐུབ་དགོས་ཤིང་།ལམ་བུའི་གསལ་འགྱུར་དེ་འཛུགས་སྐྲུན་དངོས་པོའི་གསལ་འགྱུར་དང་ཟུང་འབྲེལ་བྱས་ནས།གསལ་འགྱུར་ལས་གྲྭའི་ཕན་འབྲས་ཆེན་པོ་ཐོན་གང་ཐུབ་བྱེད་དགོས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག