མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་“དགོས་ངེས་ལྔ”རྒྱུན་འཁྱོངས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-30 10:22

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས“དགོས་ངེས་ལྔ་རྒྱུན་འཁྱོངས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་སྒྲུབ་རྒྱུ”བརྗོད་བྱ་གཙོ་བོ་བྱས་ཏེ་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་རྣམས་ལ་སྐྱེ་སྟོབས་ལྡན་པའི་ཏང་གི་ཤེས་བྱའི་སློབ་ཁྲིད་བྱས་པ་རེད། ཁོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་སྒྲུབ་པའི་ལས་འགན་ཆེ་ལ་ཤུགས་རྐྱེན་ཟབ་པས། ང་ཚོས་ངེས་པར་དུ་རང་གི་ཕྲག་མདུན་དུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་པོར་ངེས་དགོས་ལ། ཞིང་ཨུའི་སྲ་བརྟན་གྱི་འགོ་ཁྲིད་འོག ལྟ་སྐུལ་སློབ་སྟོན་ཚོ་ཆུང་གི་ཞིབ་བཤེར་སྐུལ་འདེད་ལ་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་སྒྲུབ་དགོས་ལ། “དཔེ་སྟོན་ས་ཁུལ”འཛུགས་སྐྲུན་དང་ཏང་གི་འཛུགས་སྐྱོང་གི་རླབས་ཆེའི་ལས་གྲྭ་གསར་བར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲང་ཏེང་ལིའང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་ལེགས་པོ་བྱེད་པ་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་པོ་ཡིན་དུས་ང་ཚོའི་ལས་དོན་འདི་ཡར་རྒྱས་གོང་འཕེལ་ཡོང་ཐུབ་པ་དེ་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་ཡང་ནས་ཡང་དུ་ར་སྤྲོད་བྱུང་ཡོད། དེ་ལས་ལྡོག་ན་འགལ་རྐྱེན་བྱུང་ངེས་རེད། རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟླ2པའི་ཚེས17ནས་འགོ་བརྩམས་པའི་ཚུན་དུ། ཞིང་ཨུའི་འགོ་ཁྲིད་དང་ཞིང་ཨུའི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གིས་ཐད་ཀར་སྐུལ་འདེད་དང་ཁྲིད་སྟོན་འོག རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཁུལ་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་། རང་ཉིད་ཀྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ནན་ཏན་གྱིས་བྱེད་སྒོ་སྒྲུབ་པ་རེད། འོན་ཀྱང་རང་ཁུལ་གྱི་དམིགས་བསལ་ཅན་གྱི་ས་བབ་དང་རང་བྱུང་ཆ་རྐྱེན་ཞན་པ། དཔལ་འབྱོར་གྱི་བསྡོམས་གྲངས་ཆུང་བ། མི་རེར་ཆ་སྙོམས་ཀྱི་ཆུ་ཚད་དམའ་བ། བརྟན་བརླིང་སྲུང་སྐྱོང་གི་འོས་འགན་ཧ་ཅང་ཆེ། དེ་བས་ཁུལ་ཡོངས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཤུགས་ཡོངས་བཏོན་ནས་བྱ་སྤྱོད་དོན་དངོས་དང་མི་མཐུན་པ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་པོ་མིན་པའི་གནད་དོན་སེལ་དགོས། མང་ཚོགས་ཀྱི་ཁྲོད་དུ་ཞུགས་པ་དང་མང་ཚོགས་ལ་འབྲེལ་འདྲིས་དམ་པོར་བྱེད་པ། མང་ཚོགས་ལ་སྐུལ་སློང་སོགས་བྱས་ནས་མང་ཚོགས་ལ་བརྟེན་པ་དང་འཐབ་རྩོད་ཀྱི་མཁར་རྫོང་དང་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་སྔར་ལས་ལྷག་པའི་སྒོ་ནས་གོང་བུ་གཅིག་ཏུ་འགྲིལ་བ་དང་དཀའ་བ་ཁྱད་དུ་སེལ་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་ནུས་གསར་བས་འཕེལ་རྒྱས་ཀྱི་མཆོང་བརྒལ་གསར་བར་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱིས་མཉམ་དུ་མཆོང་བརྒལ་ལ་སྐུལ་འདེད་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འབྱོར་འབྲིང་འཚོ་བར་སྐྱོད་པའི་གནས་ཚུལ་ཞིག་ཆགས་སུ་འཇུག་དགོས་ཞེས་བསྟན།

ཀྲང་ཏེང་ལིའང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་སྒྲུབ་ན།“དགོས་ངེས་ལྔ”རྒྱུན་འཁྱོངས་བྱེད་དགོས་ཏེ། གཅིག་ནི་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་གཅིག་གྱུར་བྱེད་དགོས། གཉིས་ནི་ངེས་པར་དུ་གནད་ཆེ་ས་དམ་པོར་འཛིན་དགོས། གསུམ་ནི་ངེས་པར་དུ་མང་ཚོགས་ཀྱིས་གཙོ་བྱས་པའི་སྲིད་སྐྱོང་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། བཞི་ནི་ངེས་པར་དུ་འགོ་ཁྲིད་ཀྱི་རྣམ་པ་བཟང་བོ་འཛུགས་དགོས། ལྔ་ནི་འགོ་ཁྲིད་ལས་བྱེད་པ་མི་སྒེར་གྱི་རྣམ་པ་བཟང་བོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

ཡུན་ནན་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་15པའི་གི་རྒྱུན་ལས་ཚོ་ཆུང་གི་འགོ་འཛིན་གཞོན་པ་ཀྲང་ཧུང་ཕིན་དང་ཁུངས་མི་དག་ཐེངས་འདིའི་ཏང་གི་ཤེས་བྱའི་སློབ་ཁྲིད་ལ་ཞུགས་པ་རེད།

ཧོང་ཀྲེང་ཧུང་དང་མ་ཝུན་ལུང་། ལི་ཚན་ཀོང་། ཏུའུ་ཡུང་ཁྲུན་སོགས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁུངས་མི་ཡོངས་དང་། དེ་མིན་ད་ལྟའི་ལས་འགན་འཁུར་བའི་ཁུལ་རིམ་པའི་འགོ་ཁྲིད་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་མི་སྣ། རྫོང་གསུམ་གྱི་རྫོང་ཨུ་དང་སྲིད་གཞུང་། དཔལ་འབྱོར་གསར་སྤེལ་ཆུས་ཀྱི་འགན་འཁུར་མི་སྣ་གཙོ་བོ་བཅས་ཚོགས་ར་གཙོ་བོར་ཏང་གི་ཤེས་བྱའི་སློབ་ཁྲིད་ཉན་པ་རེད།

ཐེངས་འདིའི་ཏང་གི་ཤེས་བྱའི་སློབ་ཁྲིད་ནི་བརྙན་འཕྲིན་གྱི་རྣམ་པས་རྩ་འཛུགས་བྱས་ལ། རྫོང་གསུམ་དང་གསར་སྤེལ་ཆུས་སུ་ཡན་ལག་ཚོགས་ར་འཛུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག