མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

“ཤམ་བྷ་ལའི་བུམ་པ”རྟགས་ཅན་གྱི་ལས་གསེང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཟླ5པའི་ཚེས4ཉིན་འགོ་བརྩམ་རྒྱུ་རེད།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-30 10:21

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྐབས་བདུན་པའི“ཤམ་བྷ་ལའི་བུམ་པ”རྟགས་ཅན་གྱི་ལས་གསེང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཟླ5པའི་ཚེས4ཉིན་ནས་ཟླ5པའི་ཚེས13ཉིན་བར་དུ་སེམས་ཀྱི་ཉི་ཟླ་རྫོང་ལུས་རྩལ་ཁང་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་ཡོངས་ནས《དམངས་ཡོངས་ལུས་སྦྱོང་སྲོལ་ཡིག》ལག་བསྟར་བྱེད་པ་དང་མི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་ཇེ་མཐོར་གཏོང་བ། སྐབས་བཅུ་བའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་བསྡུར་སེམས་ཀྱི་ཉི་ཟླ་རྫོང་དུ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་སོགས་ཀྱི་སྣང་ཚུལ་བསྐྲུན་ཆེད་སེམས་ཀྱི་ཉི་ཟླ་རྫོང་གིས་སྐབས་བདུན་པའི“ཤམ་བྷ་ལའི་བུམ་པ”རྟགས་ཅན་གྱི་ལས་གསེང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་པའི་ཐག་བཅད་པ་རེད། ཐེངས་འདིའི་འགྲན་བསྡུར་ནི་སེམས་ཀྱི་ཉི་ཟླ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ཁུལ་ལུས་རྩལ་ཅུས་དང་སེམས་ཀྱི་ཉི་ཟླ་རྫོང་རྫོང་ཨུའི་གཞུང་ལས་ཁང་། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། རྫོང་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་སྒྲུབ་འགན་ལེན་པ། འགྲན་ཞུགས་ལས་ཁུངས་ནི་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཁུལ་ཐད་གཏོགས་དང་རྫོང་རིམ་པའི་ལས་ཁུངས་སོ་སོ་དང་། སློབ་གྲྭ། སྤྱི་ཚོགས་ཚོགས་པ། བཅའ་སྡོད་དམག་དཔུང་། ཤང་(གྲོང་རྡལ)11སོགས་ཀྱི་ཁྲིམས་མིའི་འཐུས་ཚབ་ཡོད་པའི་སྡེ་ཚན་ཡིན། སྡེ་ཚན་སོ་སོས་ཕོ་མོའི་འཐུས་ཚབ་རུ་ཁག་རྩ་འཛུགས་བྱས་ནས་འགྲན་བསྡུར་དུ་ཞུགས་ཆོག

འགྲན་བསྡུར་དུ་ཞུགས་ཐབས་གཞིར་བཟུང་། འཐུས་ཚབ་རུ་ཁག་རེསཕོ་དང་མོའི་ལུས་རྩལ་པ་སོ་སོར་མི12དང་། རུ་སྣེ་འཁྲིད་མཁན་མི1 ཕོ་དང་མོ་སོ་སོའི་རུ་ཁག་གི་རྩལ་འཁྲིད་པ་མི1མིང་ཐོ་འགོད་ཆོག འགྲན་ཞུགས་མི་སྣའི་ཁྱིམ་ཐོ་ངེས་པར་དུ་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་ཡོད་དགོས། ལུས་རྩལ་པ་སོ་སོ་རུ་ཁག་གཅིག་གི་འགྲན་བསྡུར་ལས་གཞན་དུ་ཞུགས་མི་ཆོག རུ་སྣེ་འཁྲིད་མཁན་ངེས་པར་དུ་འཐུས་ཚབ་རུ་ཁག་གི་ཁྲིམས་མི་ཡིན་དགོས།

འགྲན་བསྡུར་གྱིས་ཕོ་དང་མོའི་རུ་ཁག་སོ་སོའི་སྔོན་གྱི་མིང་གྲངས6 (གལ་ཏེ་འགྲན་ཞུགས་རུ་ཁག8ལ་མི་ལོང་ཚེ། སྔོན་གྱི་མིང་གྲངས3བསྡུ་ལེན་བྱེད་རྒྱུ)དང་། ལུས་རྩལ་ཀུན་སྤྱོད་དར་སྲོལ་ཚོགས་སྤྱིའི་བྱ་དགའ2དང་། ལུས་རྩལ་ཀུན་སྤྱོད་དར་སྲོལ་བྱ་དགའ་རུ་ཁག་རེར་མི1 ཕུལ་བྱུང་ཤན་འབྱེད་མཁན་མི4བཅས་ལ་བྱ་དགའ་གནང་རྒྱུ། བསྡུ་ལེན་མིང་གྲངས་ཐོབ་པའི་འགྲན་ཞུགས་རུ་ཁག་ལ་བྱ་དགའ་དང་རྟགས་མ་གནང་རྒྱུ་དང་། མི་སྒེར་དང་ཕུལ་བྱུང་ཤན་འབྱེད་མཁན་ལ་བྱ་དགའ་དང་འཛིན་ཡིག་གནང་རྒྱུ་ཡིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག