མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས“ས་ཁུལ་གསུམ”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ལག་བསྟར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-29 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས27ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས“ས་ཁུལ་གསུམ”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ལག་བསྟར་ཚོགས་འདུ་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་དུ་བསྡུས།  ཐེངས་འདིར་ཁུལ་ཡོངས་ནས་ལས་བྱེད་མི་སྣ39བཀོད་སྒྲིག་བྱས་ཏེ2014ལོའི་ཟླ5བའི་ཚེས7ཉིན་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ29རུ་མངགས་ཏེ“ས་ཁུལ་གསུམ”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་།  ཞིང་སྡེའི་གཞི་རིམ་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་རེད།

 “ས་ཁུལ་གསུམ”གྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ནི་རྒྱལ་ཁབ་ནོར་སྲིད་ཀྱིས་རང་རྒྱལ་གྱི་དབུལ་ཕོངས་ས་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ།  གསར་བརྗེ་ས་ཁུལ་རྙིང་བ་སོགས་ནས་སློབ་གསོ་དང་རིག་གནས།  ཚན་རྩལ་སོགས་ཕྱོགས5ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཆར་འགོད་ཡིན་པ་དང་།  ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་རྒྱལ་ཁབ་ནོར་སྲིད་ཕྱོགས་ཀྱིས་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་བེད་སྤྱོད་བཅས་ལ་རྒྱབ་སྐྱོར་ཆེན་པོ་གནང་།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག