མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སྐོར་གཟིགས་ཚོ་ཆུང་བརྒྱད་པས་བདེ་ཆེན་ཁུལ་དུ་སྐོར་གཟིགས་བྱེད་པའི་ལས་ཀའི་སྐུལ་སློང་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-29 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཏང་ཨུས་གཅིག་གྱུར་གྱིས་བཀོད་སྒྲིག་ལྟར།སྐོར་གཟིགས་ཚོ་ཆུང་བརྒྱད་པས་ཉེ་སྔོན་བདེ་ཆེན་དུ་བཅའ་སྡོད་བྱས་ནས་སྐོར་གཟིགས་ལས་ཀ་སྒྲུབ་འགོ་ཚུགས་པ།ཟླ་4ཚེས་14ཉིན་གྱི་སྔ་དྲོར།ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པས་བདེ་ཆེན་ཁུལ་དུ་སྐོར་གཟིགས་བྱེད་པའི་ལས་ཀའི་སྐུལ་སློང་ཚོགས་འདུ་འཚོགས།

ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པའི་འགོ་འཛིན་ཀྲའོ་ཡུན་ཀྲུང་གིས་སྒྲུབ་ཉེ་བའི་སྐོར་གཟིགས་ལས་ཀའི་སྐོར་ལ་གསུང་བཤད་གནང་བ།བདེ་ཆེན་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་གཙོ་སྐྱོང་གནང་ཞིང་སྐུལ་སློང་གསུང་བཤད་གནང་བ།ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བློ་མཐུན་ཁྲེང་ཅང་གིས་སྐོར་གཟིགས་ལས་ཀ་ཡག་པོ་སྒྲུབ་དགོས་པའི་རེ་བ་བཏོན་པ་རེད།

ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པའི་འགོ་འཛིན་གཞོན་པ་ལི་ཧའེ་མིང་དང་སྐོར་གཟིགས་ཚོ་ཆུང་གི་ཁོངས་མི་ཡོངས་དང་།བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ལྷན་སྤྱིའི་ཁོངས་མི་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

སྐོར་གཟིགས་ཚོ་ཆུང་གི་འགོ་འཛིན་ཀྲའོ་ཡུན་ཀྲུང་གིས་གསུང་བཤད་གནང་དུས།སྐོར་གཟིགས་བྱེད་པ་དེ་ཏང་གི་སྒྲིག་ཡིག་ཐོག་གཏན་འབེབས་བྱས་པའི་གལ་ཆེའི་ལམ་ལུགས་ཤིག་ཡིན་ཞིང་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན།ཞིང་ཨུས་སྐོར་གཟིགས་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཨུའི་སྒྲིག་ཁྲིམས་ཨུའི་ཧྲུའུ་ཅི།ཞིང་ཨུའི་སྐོར་གཟིགས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་བློ་མཐུན་ཞིན་ཝེ་ཀོང་གིས་སྐོར་གཟིགས་ལས་ཀར་གནད་དོན་འཚོལ་བ་དང་འགན་ནུས་བསྒྱུར་བ།བྱ་ཐབས་བསྒྱུར་བ།སྤྱོད་ཚུལ་བསྒྱུར་བའི་ཐད་ལ་དོ་སྣང་སྔར་ལས་ལྷག་པར་བྱེད་དགོས་པའི་ནན་བཤད་ཐེངས་མང་བྱས་མྱོང་།བླང་བྱ་ངེས་གསལ་བྱས་ནས་ངོས་འཛིན་རྒྱུར་དམ་འཛིན་བྱེད་པ་དང་བྱ་ཐབས་བསྒྱུར་བ།ལུགས་སྲོལ་འཛུགས་པ་བཅས་བྱས་ནས།ཀྲུང་དབྱང་གི་སྐོར་གཟིགས་ལས་ཀའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་ཤེས་རྟོགས་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་བ་དང་།སྐོར་གཟིགས་ཁྲོད་གནད་དོན་འཚོལ་བའི་ནུས་ཤུགས་མུ་མཐུད་དུ་མཐོ་རུ་གཏོང་དགོས་ལ།སྐོར་གཟིགས་གྲུབ་འབྲས་ཀྱི་བེད་སྤྱོད་དེ་བས་ཕན་ནུས་ལྡན་པོ་ཡོང་བར་ཁག་ཐེག་བྱེད་དགོས།ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཀྱི་ཐོག་ཏུ་ལངས་ཏེ།ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་།སྐོར་གཟིགས་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དེ་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་།ཏང་ནན་སྐྱོང་བྱེད་པ།ཏང་སྲོལ་སྲིད་གཙང་ལས་ཀའི་འཛུགས་སྤེལ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གལ་ཆེའི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ནས།མཉམ་དུ་ཞིང་ཨུས་སྤྲད་པའི་སྐོར་གཟིགས་ལས་འགན་ལེགས་འགྲུབ་བྱུང་བར་འབད་བརྩོན་བྱེད་དགོས་ཞེས་བསྟན།།

སྐོར་གཟིགས་ཚོ་ཆུང་གི་འགོ་འཛིན་ཀྲའོ་ཡུན་ཀྲུང་གིས་ཐེངས་འདིའི་སྐོར་གཟིགས་ལས་ཀ་ཡག་པོ་སྒྲུབ་རྒྱུ་དེ་ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པ་དང་བདེ་ཆེན་ཁུལ་ཏང་ཨུའི་འགོ་ཁྲིད་ལྷན་སྤྱིའི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཞིག་ཡིན།སྐོར་གཟིགས་ཚོ་ཆུང་གིས་ལས་ཀའི་ཁྲོད་དུ་སྐོར་གཟིགས་དང་ལེན་ཞུ་མཁན་ཏང་རྩ་འཛུགས་དང་ལས་བྱེད་མང་ཚོགས་ལ་བརྟེན་རྒྱུ་ཡིན་ཞིང་།ཏང་གི་སྒྲིག་ཡིག་དང་སྐོར་གཟིགས་ལས་ཀའི་སྲོལ་ཡིག་གིས་གནང་བའི་དབང་མཚམས་ལྟར།གཏིང་ཟབ་ཀྱིས་གནས་ཚུལ་རྩད་གཅོད་བྱེད་པ་དང་།ལས་ཀ་ཏན་ཏིག་གིས་སྒྲུབ་རྒྱུ་ཡིན།བདེ་ཆེན་ཁུལ་ཨུས་གནོན་ཤུགས་དེ་རིམ་པ་བཞིན་བརྒྱུད་ཁྲིད་བྱེད་པ་དང་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་ལས་ཀར་རྒྱབ་སྐྱོར་རམ་འདེགས་བྱེད་རྒྱུ་དང་འབོར་ཐེངས་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་བསྟར་བྱེད་སྒོར་ཏན་ཏིག་གིས་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱེད་པ་དང་།དམིགས་བསལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་བརྟག་ཞིབ་གནང་དུས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས།ཧུར་ཐག་གིས་སྐོར་གཟིགས་ལས་ཀའི་གནས་བབ་གསར་པ་བཏོད་དེ།ཏང་སྲོལ་སྲིད་གཙང་འཛུགས་སྤེལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་དེ་བས་ཆེ་བའི་བྱས་རྗེས་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བློ་མཐུན་ཁྲེང་ཅང་གིས་གསུང་བཤད་གནང་དུས་ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་ཞིང་ཨུའི་དབང་གྲགས་དང་ཡིད་ཆེས་འཁུར་ཡོད་དེ།སྐོར་གཟིགས་དང་ལེན་ཞུ་མཁན་ས་ཁུལ་གྱི་ཏང་ཨུས་སྐོར་གཟིགས་ཚོ་ཆུང་གི་ལས་ཀར་ཡིད་ཆེས་དང་རྒྱབ་སྐྱོར།རམ་འདེགས་གང་ལེགས་བྱེད་དགོས་པ་དང་།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་ཞུ་བ་དང་གནས་ཚུལ་ཇི་བཞིན་དུ་ཞུས་ནས།སྐོར་གཟིགས་ལས་ཀ་བདེ་བླག་ངང་སྒྲུབ་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་སྐུལ་སློང་ཚོགས་འདུའི་ཐོག་ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པས་རང་ཁུལ་དུ་སྐོར་གཟིགས་ལས་ཀ་སྒྲུབ་པ་དེ་ཞིང་ཨུས་བདེ་ཆེན་ཁུལ་གྱི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར།རྒྱབ་སྐྱོར་གནང་བར་མཚོན་ཡོད་ཅིང་།ཞིང་ཨུས་བདེ་ཆེན་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པ་ལ་ཆབ་སྲིད་ཐད་ཀྱི་ཐུགས་ཁུར་དང་གཅེས་དགའ་བྱེད་པར་མཚོན་ཡོད།སྐོར་གཟིགས་ཞིབ་བཤེར་དང་གནད་དོན་འཚོལ་བ།གནད་དོན་ཐག་གཅོད་བྱེད་པ།ལྟ་སྐུལ་བྱེད་པར་བརྒྱུད་ནས།ང་ཚོས་དེ་བས་ཡག་པོའི་ངང་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཏང་གི་བྱེད་ཕྱོགས་དང་སྲིད་ཇུས།ཀྲུང་དབྱང་དང་ཞིང་ཨུའི་རབ་དང་རིམ་པའི་བླང་བྱ་སོགས་ལག་བསྟར་དོན་འཁྱོལ་བྱེད་པར་ཕན་པ་ཡོད་ཅིང་།དེ་བས་ཡག་པོའི་ངང་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་།ཏན་ཏིག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཕན་པ་ཡོད་ལ།དེ་བས་ཡག་པོའི་ངང་འགོ་ཁྲིད་ལྷན་སྤྱི་དང་ལས་བྱེད་རུ་ཁག་འཛུགས་སྐྱོང་བྱེད་པ་དང་།འགོ་ཁྲིད་ཀྱི་ཆུ་ཚད་དང་ནུས་ཤུགས་མཐོ་རུ་གཏོང་བར་ཕན་པ་ཡོད།གཅིག་ནས་བསམ་བློ་དང་བྱ་སྤྱོད་ཞིང་ཨུའི་བླང་བྱའི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།གཉིས་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་སྐོར་གཟིགས་དང་ལེན་ཞུ་དགོས།གསུམ་ནས་ཞིང་ཨུའི་སྐོར་གཟིགས་ལས་ཀ་བདེ་བླག་ངང་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས།བཞི་ནས་རྩ་འཛུགས་ཞིབ་ཚགས་བྱེད་པ་དང་བཀོད་སྒྲིག་དང་ལེན་ཞུས་ནས་ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་རང་ཁུལ་དུ་སྒྲུབ་པའི་ལས་ཀ་ཁག་ལེགས་སྒྲུབ་ཡོང་རྒྱུ་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་བདེ་ཆེན་ཁུལ་དུ་ལས་ཀ་ཟླ་2སྒྲུབ་རྒྱུ་རེད།ཞིང་ཨུའི་བླང་བྱ་དང་སྐོར་གཟིགས་ལས་ཀའི་འགན་འཁྲི་ལྟར།ཞིང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་བདེ་ཆེན་གྱི་འགོ་ཁྲིད་ལྷན་སྤྱི་དང་དེའི་ཁོངས་མི་དང་།དམིགས་བསལ་དུ་འགན་འཁུར་བ་གཙོ་བོའི་གནད་དོན་སྐོར་གྱི་ཡིག་སྐུར་དང་གློག་འཕྲིན་གཏོང་བ།ངོ་གཏུག་བྱེད་པ་བཅས་ལ་བདག་སྤྲོད་བྱེད་རྒྱུ་ཡིན་ཞིང་།གཙོ་བོ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་།ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་བྱེད་པ་དང་།ལས་བྱེད་པའི་འདེམས་བསྐོའི་ཐད་ཀྱི་ཐེར་འདོན་དང་བསམ་འཆར་འདོན་པ་བཅས་ཡིན།

ཚོགས་འདུ་གྲོལ་རྗེས།ཁུལ་ཨུས་སྙན་ཞུའི་ཚོགས་འདུ་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་བརྒྱད་པ་ལ་རང་ཁུལ་གྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག