མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཡུན་ནན་ཞིང་ཆེན་སྲིད་གཞུང་བརྟག་དཔྱད་ཚན་ཆུང་གིས་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་བྱ་བར་བརྟག་དཔྱད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-29 10:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས24ཉིན།  ཡུན་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་ལའོ་ཡུན་ཀོང་དང་ཐིན་ཀྲང་གཞོན་པ་ཀྲའོ་ཀྲུ་ཡོན་གཉིས་ཀྱིས་སྣེ་ཁྲིད་པའི་ཞིང་ཆེན་སྲིད་གཞུང་བརྟག་དཔྱད་ཚན་ཆུང་བདེ་ཆེན་ཁུལ་དུ་ཕེབས་ཏེ་རྡོ་མཁར་གནའ་རྫོང་གི་བསྐྱར་སྐྲུན་བྱ་བར་བརྟག་དཔྱད་བྱས།

ཉིན་དེར།  བརྟག་དཔྱད་ཚན་ཆུང་གིས་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་ཡིན་པའི་གནའ་མཁར་བྱང་སྒོ་གཞིས་ཁུལ་ལ་བརྟག་དཔྱད་བྱས་པ་དང་། བསྐྱར་སྐྲུན་ལས་གཞི་ཁྲོད་ཞུགས་པའི་བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་འཚམས་འདྲི་བྱས་པ་དང་བྱ་བའི་འཕར་རིམ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས།

 ཐེངས་འདིའི་བརྟག་དཔྱད་ལས་གཙོ་བོར་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྡོ་མཁར་གནའ་རྫོང་དུ་ཡུལ་དངོས་བསྐྱར་སྐྲུན་སྐུལ་སྤེལ་ཚོགས་འདུ་བསྡུ་རྒྱུ་ཡིན་པར་གྲ་སྒྲིག་བྱེད་པ་དང་།  ནང་དོན་ཐད་རྡོ་མཁར་གནའ་རྫོང་བསྐྱར་སྐྲུན་བྱེད་པའི་འཆར་འགོད་དང་འཕར་རིམ།  བསྐྱར་སྐྲུན་མ་དངུལ་ཧྲག་བསྡུ།  གོང་རིམ་ལ་བརྩོན་ལེན་བྱས་པའི་རྣམ་གྲངས་དང་ཞིང་ཆེན་སྲིད་གཞུང་གི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་བཅས་འབྲེལ་ཡོད་བྱ་བ་འདུས།

བདེ་ཆེན་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ།  རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲུང་ཀྲུ་ཅོན་དང་།  ཁུལ་དཔོན་གཞོན་པ་དབྱང་ཀྲུན་ཡུས་སོགས་བརྟག་དཔྱད་བྱེད་པར་འགྲོ་རོགས་བྱས་པ་དང་།  ཀྲང་ཀྲུ་ཅོན་གྱིས་བརྟག་དཔྱད་ཚན་ཆུང་ལ་བྱ་བའི་སྙན་ཞུ་ཕུལ།  ཡུན་ནན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན།  ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་དམངས་སྲིད་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འགོ་ཁྲིད་གཙོ་བོ།   ཁུལ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་སྡེ་ཁག རྡོ་མཁར་གནའ་རྫོང་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་བཀོད་འདོམས་པུའུ་ཡི་ལས་བྱེད་མི་སྣ་ཡོངས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག