མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུའུ་ཡིས་སློབ་གྲྭ་སོ་སོར་བདེ་སྲུང་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-28 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཚེས21ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་སྤྱི་བདེ་ཅུའུ་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པ་དང་ཡུས་ཧྥུ་སློབ་ཆུང་དག་ལ་སོང་ནས་སློབ་གྲྭའི་བདེ་སྲུང་འཛུགས་སྐྲུན་ལྟ་ཞིབ་དང་མཛུབ་སྟོན་བྱས་པ་དང་།  སློབ་གྲྭའི་བདེ་འཇགས་འགན་སྲུང་ཐད་གནས་པའི་དཀའ་ཁག་དང་གནད་དོན་འདྲི་གཅོག་བྱས་ཏེ་སློབ་གྲྭས་སྤྱི་བདེ་ལས་ཁུངས་ལ་བཏོན་པའི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད།  ད་དུང་སློབ་གྲྭར་ཉེན་ཟོན་དབྱུག་པ་དང་འབར་གས་སྔོན་འགོག་ཡོ་བྱད་སོགས་བདེ་སྲུང་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་དང་། དམིགས་བསལ་ཉེན་རྟོག་པས་ཡུལ་དངོས་སུ་བདེ་སྲུང་སྒྲིག་ཆས་བཀོལ་བའི་བྱེད་ཐབས་དཔེ་སྟོན་གནང་བ་དང་སློབ་གྲྭའི་བདེ་སྲུང་ཁང་གི་ཁོངས་མི་དག་ལ་གསོ་སྦྱོང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག