མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་དུ་བོད་ཀྱི་ཐང་གའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐོབ་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-28 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་མཐུན་ཚོགས་ཀྱིས“རྒྱུན་འཛིན་དང་སྲུང་སྐྱོབ”གཉིས་གཙོ་གནད་དུ་བཞག་ནས་རྒྱུན་ཆད་མེད་པར་བོད་ཀྱི་ཐང་གའི་རིག་གནས་དར་སྤེལ་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།  2006ལོར་མཐུན་ཚོགས་འདི་བཙུགས་པ་ནས་བཟུང་།  སི་ཁྲོན་དཀར་མཛེས་དང་བོད་ལྗོངས་སྨར་ཁམས།  བདེ་ཆེན་ཁུལ་བཅས་ཀྱི་ཐང་གའི་སྒྱུ་རྩལ་སློབ་མ20བསྡུས་པ་དང་།  སློབ་མ་ཚོའི་སློབ་ཡོན་དང་ཟ་མ།  འདུག་ས་སོགས་མཐུན་ཚོགས་ཀྱིས་རིན་མི་དགོས་པར་འདོན་སྤྲོད་བྱེད་ཀྱིན་ཡོད་པས།  བོད་ཀྱི་ཐང་གའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག