མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ཁོར་ཡུག་སྲུང་སྐྱོང་པུའུ་ཡི་བརྟག་དཔྱད་ཚན་ཆུང་སེམས་ཀྱི་ཉི་ཟླ་རྫོང་དུ་སོང་ནས་བརྟག་དཔྱད་མཛུབ་སྟོན་གནང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-28 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས23ཉིན།  ཁོར་ཡུག་སྲུང་སྐྱོང་པུའུ་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་ནུས་ཁུངས་རྫོང་མཁར་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡུལ་དངོས་བརྟག་དཔྱད་བྱ་བའི་ཚན་ཆུང་འཁོར་དང་བཅས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་སོང་ནས་བརྟག་དཔྱད་མཛུབ་སྟོན་བྱ་བ་སྒྲུབ་པ་དང་།  ཡུན་ནན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དག་འགྲོ་རོགས་བྱས།

 བརྟག་དཔྱད་ཚན་ཆུང་གིས་སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་གིས་བྱ་བའི་སྙན་ཞུར་ཉན་པ་དང་།  སེམས་ཀྱི་ཉི་ཟླ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་བབ་ལ་རྒྱུས་ལོན་བྱས།  དེའི་རྗེས་བརྟག་དཔྱད་ཚན་ཆུང་བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུའུ་དང་སེམས་ཀྱི་ཉི་ཟླ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དག་གིས་འགྲོ་རོགས་འོག  དགའ་ལྡན་སུམ་རྩེན་གླིང་དགོན་པ་སོང་ནས་ལྷ་མོ་གཡང་མཚོ་བརླན་སའི་སླར་གསོ་བཟོ་འགོད་བཅས་ལ་ལྟ་ཞིབ་མཛད།

ཡུལ་དངོས་ནས་ལྟ་ཞིབ་མཛད་རྗེས།  བརྟག་དཔྱད་ཚན་ཆུང་གིས་ཉེ་བའི་ལོ་འགའི་རིང་སེམས་ཀྱི་ཉི་ཟླ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་ནས་བླངས་བའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོ་པོ་གནང་བ་མ་ཟད།  མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྐལ་བཟང་དམ་འཛིན་བྱས་ཏེ།  ནན་ཏན་སྒོས་སྐྱེ་ཁམས་རྫོང་མཁར་འཛུགས་སྐྲུན་འཆར་འགོད་ལྟར་ཁྱོན་ཡོངས་ནས“སྐྱེ་ཁམས་ས་ཁུལ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

སྐབས་སུ།  བརྟག་དཔྱད་ཚན་ཆུང་འཁོར་དང་བཅས་པ་བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོང་པུའུ་ཡི་ཚན་ཁག་སོ་སོ་དང་། བདེ་ཆེན་ཁུལ་ཁོར་ཡུག་ལྟ་སྐུལ་ས་ཚིགས་ཚོད་ལྟའི་དབྱེ་ཞིབ་ཁང་གི་སྡེ་ཁག་བཀོད་སྒྲིག་དང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་སྒྲིག་ཆས་བཅས་ལ་ལྟ་ཞིབ་བྱས་པ་མ་ཟད།  ལས་བྱེད་མི་སྣ་ཡོངས་ལ་ལྟ་སྐོར་དང་འཚམས་འདྲི་གནང་།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག