མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

འབའ་ལུང་རྫོང་གིས་བཅའ་ཁྲིམས་བློ་འདྲི་ཚོགས་པ་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-22 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས16ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས་མི་དམངས་སྲིད་གཞུང་གི་སྐབས་བཅུ་དྲུག་པའི་བཅའ་ཁྲིམས་བློ་འདྲི་ཚོགས་པའི་ཐེངས་དང་པོའི་གྲོས་ཚོགས་བསྡུས།

 འབའ་ལུང་རྫོང་སྲིད་གཞུང་གི་འགན་ཁུར་བས་བཅའ་ཁྲིམས་བློ་འདྲི་ཚོགས་པའི་འབྲེལ་ཡོད་ཡིག་ཆའི་དགོངས་པ་རྒྱུད་སྒྲོག་བྱས་ཏེ།  བཅའ་ཁྲིམས་བློ་འདྲི་ཚོགས་པའི་ཁུངས་མི་ལ་གདན་ཞུའི་ཡི་གེ་གནང་བ་དང་།  བཅའ་ཁྲིམས་བློ་འདྲི་ཚོགས་པའི་ཁུངས་མིས་གཏམ་བཤད་བྱས།  གྲོས་ཚོགས་ལས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ10དང་རྫོང་ཐད་གཏོགས་ལས་ཁུངས35ལ་བཅའ་ཁྲིམས་བློ་འདྲི་བ་གདན་ཞུ་བྱས་པ་དང་། རྫོང་སྲིད་གཞུང་གིས་ད་དུང་འགྲོ་སོང་མ་དངུལ་སྒོར་ཁྲི10བཀོད་སྒྲིག་བྱས་ནས་བཅའ་ཁྲིམས་བློ་འདྲི་ཚོགས་པ་བདེ་བླག་ངང་འཁོར་སྤྱོད་བྱེད་པར་ཁག་ཐེག་བྱས།

རྒྱུས་ལོན་པ་ལྟར་ན།  ཏང་གི་སྐབས18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལས“བཅའ་ཁྲིམས་བློ་འདྲི་ལམ་ལུགས་ཁྱབ་གདལ་ཏུ་གཏོང་དགོས་པའི”དགོངས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི《ཁྱོན་ཡོངས་ནས་ཁྲིམས་ལྟར་སྲིད་སྐྱོང་བའི་ལག་བསྟར་རྩ་གནད》དང《གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བརམ་ཤུགས་སྣོན་དགོས་པའི་ཆོད་དོན》《ཁྲིམས་ལུགས་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་པའི་བསམ་འཆར》ལྟར།  འབའ་ལུང་རྫོང་གིས་ད་ལོའི་ཟླ3པའི་ཚེས7ཉིན་བཅའ་ཁྲིམས་བློ་འདྲི་ཚོགས་པ་བཙུགས་པ་དང་།  སྲིད་གཞུང་གི་ལས་དོན་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་ཏུ་བཏང་སྟེ།  སྤྱི་ཚོགས་དཔལ་འབྱོར་སོགས་བྱ་གཞག་སོ་སོ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག