མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

རྡོ་མཁར་རྫོང་བསྐྱར་འཛུགས་སླར་གསོ་དངོས་སུ་འགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-04-20 10:22

ཟླ4བའི་ཚེས8ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་

ཟླ4བའི་ཚེས8ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང1·11མེ་སྐྱོན་ཐེབས་ཁུལ་གྱི་བསྐྱར་འཛུགས་སླར་གསོ་བྱ་བ་དངོས་སུ་འགོ་ཚུགས་པ་རེད།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྡོ་མཁར་རྫོང་ལ་མེ་སྐྱོན་བྱུང་རྗེས། གནོད་ཐེབས་གནས་ཚུལ་ལ་རྒྱལ་ཡོངས་མ་ཟད་འཛམ་གླིང་རྒྱལ་ཁབ་མང་པོས་ཐུགས་ཁུར་གནང་ཡོད། ཅི་ལྟར་བྱས་ཏེ་རྡོ་མཁར་རྫོང་གི་བསྐྱར་འཛུགས་ལས་ཀ་ལེགས་པོ་སྒྲུབ་རྒྱུ་ནི། བདེ་ཆེན་ཁུལ་དང་། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་སྲིད་གཞུང་གི་ལས་ཀ་གཙོ་བོ་ཞིག་ཏུ་གྱུར་ཡོད། བསྐྱར་འཛུགས་ལས་ཀ་དེ་ཚན་རིག་དང་མཐུན་ཞིང་། ལུགས་མཐུན་འབྱུང་བའི་ཆེད་དང་། རྡོ་མཁར་རྫོང་ལ་སྔར་ཡོད་ཀྱི་རྣམ་པ་དང་མཛེས་ཉམས་སླར་གསོ་བྱེད་པར་ཁག་ཐེག་བྱེད་ཆེད། ཁུལ་སྲིད་གཞུང་གིས་སྐབས་ཐོག་ཏུ་པེ་ཅིན་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། ཁུང་མིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སོགས་རྒྱལ་ནང་གི་ཕུལ་བྱུང་ཇུས་འགོད་སྡེ་ཁག་ལ་འབྲེལ་གཏུག་བྱས་ནས། ཆེས་མགྱོ གས་པའི་དུས་ཚོད་ནང་དུ་བསྐྱར་འཛུགས་སླར་གསོའི་སྤྱིའི་འཆར་འགོད་དང་ཞིབ་ཕྲའི་འཆར་འགོད། སྡོད་དམངས་ཀྱི་ཁང་པ་བསྐྱར་ལས་བྱེད་པའི་འཆར་འགོད་སོགས་ལེགས་འགྲུབ་བྱུང་། མིག་སྔར། འཆར་འགོད་དག་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཆེད་མཁས་པའི་དཔྱད་ཞིབ་ཐོག་ཁས་ལེན་ཐོབ་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ལས་འགོ་ཚུགས་པའི་རྡོ་མཁར་རྫོང་བསྐྱར་འཛུགས་སླར་གསོ་བྱ་བ་དེ“འཆར་འགོད་གཅིག་གྱུར་གྱིས་རང་འཛུགས་དང་། འཆར་འགོད་གཅིག་གྱུར་གྱིས་རང་བཅོས”བྱེད་པའི་རྣམ་པ་གཙོར་བཟུང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་དང་ཕན་ཚུན་སྦྲེལ་ཏེ། སྡོད་དམངས་ཀྱི་ཁང་པ་སླར་གསོ་དང་ཞིག་གསོའི་ལས་གྲྭ་དོན་འཁྱོལ་གཏོང་རྒྱུ་རེད། ཁྱད་ཆོས་མངོན་པར་ལྡན་པ་དང་། མི་རིགས་ཀྱི་སྣང་བརྙན་ལྡན་པ། བསྡད་ན་སྐྱིད་ཅིང་ལས་བདེ་བ། ཡུལ་སྐོར་བྱས་ན་སྐྱིད་པ་སོགས་གསོན་ཉམས་ལྡན་པའི་ཤམ་བྷ་ལའི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་བཟོ་རྩིས་ཡོད། མགྱོགས་མྱུར་གྱིས་གནོད་སྐྱོན་ཐེབས་པའི་སྒྲིག་ཆས་ཀྱི་ནུས་པ་སླར་གསོ་བྱེད་པའི་ཞོར་དུ།རྡོ་མཁར་རྫོང་གི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ནུས་པའི་འགན་སྲུང་ལ་བསམ་གཞིགས་ཡག་པོ་བཏང་ནས། རྨང་གཞིའི་སྒྲིག་ཆས་སླར་གསོ་དང་འཐུས་ཚང་དུ་གཏོང་བའི་ལས་གྲྭ་དོན་འཁྱོལ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ད་དུང་གནད་ཆེ་ས་ནས་རིག་གནས་བསྐྱར་གསོ་དང་སྲུང་སྐྱོང་ལས་གྲྭ་དོན་འཁྱོལ་བཏང་སྟེ། རྡོ་མཁར་རྫོང་གི་རིག་དངོས་བསྐྱར་འཛུགས་སླར་གསོ་དང་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་རྒྱུ་མཉམ་དུ་སྒྲུབ་པ་དང་། འཆར་འགོད་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ་རེད།

    བསྐྱར་འཛུགས་སླར་གསོ་ལ་སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་གཙོ་བོར་བྱེད་པའི་རྣམ་པ་སྤྱད་དེ། རྒྱ་ཆེའི་གནོད་ཐེབས་མང་ཚོགས་ཀྱི་ཧུར་ཐག་རང་བཞིན་དང་། རང་འགུལ་རང་བཞིན།གསར་གཏོད་རང་བཞིན། ཁྲོམ་ར་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་འཐེན་བྱས་ནས། ཆ་ཚང་བ་དང་རིམ་པ་མང་པོའི་སྒོ་ནས་བསྐྱར་འཛུགས་སླར་གསོ་བྱེད་གྲབས་ཡོད། སྟོབས་ཤུགས་གཅིག་བསྡུ་བྱས་ནས་ལོ3ནང་དུ་སྔར་གྱི་རྣམ་པ་བསྐྱར་འཛུགས་སླར་གསོ་དང་དེའི་ལྷག་མ་རྣམས་འཐུས་ཚང་དུ་གཏོང་བར་ཧུར་བརྩོན་བྱས་ཏེ། རྡོ་མཁར་རྫོང་གི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་དང་། སྤྱི་པའི་ཞབས་ཞུ་དང་དོ་དམ་ནུས་པ། གནོད་འཚེ་འགོག་པའི་ནུས་པ། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གསར་སྤེལ་གྱི་ནུས་པ། ཡུན་རིང་བདེ་འགོད་ཀྱི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་རེད། ལོ་འདིའི་ནང་དུ། ཐོག་མའི་འཆར་གཞི་ལྟར་སྔོན་ནས་གནོད་འཚེས་དབང་གིས་སྡོད་ཁང་མེད་པའི་ཁྱིམ་ཚང་ལ་སྡོད་ཁང་བསྐྱར་འཛུགས་བྱེད་རྒྱུ་ཡིན་པ་དང་། དེ་ནས་གཞི་རྩའི་སླར་གསོ་དང་། གློག་ཤུགས་མཐོར་འདེགས། འཕྲིན་གཏོང་། མེ་འགོག ཆུའི་མཁོ་འདོན། དྲོད་འདོན། བགྲོད་ལམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སླར་གསོ་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག