མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་ཁུལ་གྱིས་མཐོ་འབྲིང་གི་ལོ་རིམ་གསུམ་པའི་སློབ་ཚན་གསར་པའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་ཆེད་དོན་གསོ་སྦྱོང་སྤེལ་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-18 11:05

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པའི་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་སློབ་ཚན་གསར་པའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་ཆེད་དོན་གསོ་སྦྱོང་ཚོགས་འདུ་ཁུལ་མི་རིགས་སློབ་འབྲིང་དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་འཚོགས།གསོ་སྦྱོང་ཚོགས་འདུ་ཡིས་ཁུན་མིང་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་ཁུན་མིང་གྲོང་ཁྱེར་མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་སློབ་གྲྭའི་སློབ་ཚན་སོ་སོའི་སྣེ་འཁྲིད་མཁན་དང་རྐང་འཛིན་དགེ་རྒན་ཁྱོན་བསྡོམས་མི19གདན་འདྲེན་ཞུས་ཏེ། ཁག་བགོས་ནས་རང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པའི་སློབ་ཚན་འཁྲིད་མཁན་དགེ་རྒན་ལ་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་སློབ་ཚན་གྱི་རྒྱུགས་ལེན་སྔོན་གྱི་ཆེད་དོན་གསོ་སྦྱོང་ཐེངས9བྱས་པ། མི་འགྱངས་བར་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་བྱེད་རྒྱུའི་མཐོ་འབྲིང་གི་ལོ་རིམ་གསུམ་པའི་སློབ་མ་དང་སློབ་ཚན་སོ་སོའི་སློབ་ཁྲིད་དགེ་རྒན་ལ་ལྟ་སྦྱོང་སློབ་ཁྲིད་ཐེངས9བྱས་པ་རེད།

གསོ་སྦྱོང་ཚོགས་འདུ་དང་ལྟ་སྦྱོང་སློབ་ཁྲིད་ཐོག གསོ་སྦྱོང་བྱེད་པའི་དགེ་རྒན་གྱིས་སློབ་མ་གཙོ་བོར་བཟུང་ཞིང་། སློབ་མ་སློབ་གསོ་ནང་དུ་ཞུགས་པའི་ཧུར་ཐག་རང་བཞིན་ལ་སྐུལ་མ་བཏང་བ། དྲིས་ལན་གྱི་ཚད་གཞི་རང་བཞིན་འགྲེལ་བཤད་བརྒྱབ་པ། སློབ་མས་ཤེས་བྱ་ཕྱོགས་བསྡུས་དང་བཀོལ་སྤྱོད་བྱེད་པར་སློབ་ཁྲིད་བྱས་པ། སྔ་ལོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་ཁ་བྱང་གི་ཁྱད་ཆོས་དང་དོ་ཁུར་བྱེད་གནས་དབྱེ་ཞིབ་བྱས་ཤིང་། ད་དུང་2014ལོའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་ཁ་བྱང་འབྲི་ཕྱོགས་ལ་སྔོན་དཔག་བྱས་པ། རྒྱུགས་ལེན་དུ་ཞུགས་པའི་སློབ་མའི་སེམས་ཁམས་ཀྱི་གྲ་སྒྲིག་དང་རྒྱུགས་ལེན་དུ་ཞུགས་པའི་ནུས་ཤུགས་ཀྱི་བླང་བྱ་འཆད་འགྲེལ་བྱས་པ།

ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཧོ་ཡོན་ཞི་ཡིས། རང་ཁུལ་གྱི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་གྲུབ་འབྲས་ནུས་ལྡན་གྱིས་མཐོ་རུ་གཏོང་ཆེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ཚན་རིག་ཞིབ་འཇུག་ལས་ཀར་མཐོང་ཆེན་བྱས་ནས། “ཕྱི་རུ་སྐྱེལ་བ་དང་ནང་དུ་འདྲེན་པའི”བྱ་ཐབས་སྤྱད་དེ་འབད་བརྩོན་གྱིས་རང་ཁུལ་དགེ་རྒན་གྱི་བྱང་ཚད་དང་སློབ་གསོའི་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་བ་རེད། ཐེངས་འདིའི་གསོ་སྦྱོང་ནི་གོ་སྐབས་ཡག་པོ་ཞིག་ཡིན་ཞིང་། རང་ཁུལ་གྱི་མཐོ་རིམ་སློབ་ཞུགས་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད་ཅེས་བཤད་པ།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག