མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་གིས་ས་འགུལ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-18 11:04

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན་གྱི་བར་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་དམངས་སྤྱོད་ཁང་པ་བརྟན་དུ་བཟོ་བ་དང་ཉམས་གསོ་བྱེད་པའི་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ། དམངས་སྤྱོད་ཁང་པ་བཤིག་པ་དང་བསྐྱར་སྐྲུན་བྱེད་པའི་ལས་ཀ་བདེ་བླག་ངང་སྒྲུབ་བཞིན་ཡོད། མིག་སྔར། ཁྱོན་བསྡོམས་ཀྱི་དངོས་སླེབས་མ་དངུལ་སྒོར་ཁྲི22778.65ཡོད་ལ། འོག་རིམ་ལ་སྤྲོད་པའི་རིགས་སོ་སོའི་མ་དངུལ་སྒོར་ཁྲི12441.46ཡོད།

ཤེས་གསལ་བྱུང་དོན། རྫོང་འདིས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་ནས་མི200ལྷག་འཐེན་ཏེ། ལས་བྱེད་ཚོ་ཆུང་8སྒྲིག་འཛུགས་བྱས་པ་དང་ཤང་དང་གྲོང་རྡལ་སོ་སོའི་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་འཁུར་བ། 《སེམས་ཀྱི་ཉི་ཟླ་རྫོང་གི་སླར་གསོ་བསྐྱར་སྐྲུན་ལས་ཀའི་ལག་དེབ》དང་། 《སེམས་ཀྱི་ཉི་ཟླ་རྫོང་“8·28”དང་ “8·31”ས་འགུལ་གྱི་དམངས་སྤྱོད་ཁང་པ་བརྟན་དུ་བཟོ་བ་དང་ཉམས་གསོ་བྱེད་པའི་ལག་རྩལ་གྱི་ཁྲིད་སྟོན་རྩ་དོན》《ས་འགུལ་བྱུང་རྗེས་ཀྱི་དམངས་སྤྱོད་ཁང་པའི་སླར་གསོ་བསྐྱར་སྐྲུན་དང་དམངས་སྤྱོད་ཁང་པ་བརྟན་དུ་བཟོ་བའི་སྒྲུབ་རིམ་གྱི་དཔེ་རིས》གཏན་འབེབས་དང་འགྲེམ་སྤེལ་བྱས་པ་མ་ཟད། ད་དུང་ཤང་དང་གྲོང་རྡལ11ལ་ལག་རྩལ་གསོ་སྦྱོང་བྱས། ཡིད་རྟོན་ཁང་དང་མཉམ་འབྲེལ་བྱས་ནས། བསྐྱར་སྐྲུན་དུད་ཚང་རེ་ལ་སྒོར་ཁྲི6སྤྲད་པ་དང་། ཆུ་ཚད་འབྲིང་བའི་གནོད་ཐེབས་དུད་ཚང་རེ་ལ་སྒོར་ཁྲི3གྱི་དངུལ་བུན་རྒྱབ་སྐྱོར་བྱས་པ་རེད།

ཞིང་ཆེན་སྲིད་གཞུང་གི《འཆར་འགོད》དང་བླང་བྱ་ལ་གཞིགས་ནས། ད་ལོའི་ཟླ9པའི་ཚེས30ཉིན་གྱི་སྔོན་དུ་གནོད་ཐེབས་དམངས་སྤྱོད་ཁང་པ་བཤིག་པ་དང་བསྐྱར་སྐྲུན་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་རྒྱུ། 2015ལོའི་ལོ་མཇུག་གི་སྔོན་དུ་ཕྱོགས་ཡོངས་ནས་དམངས་འཚོའི་སླར་གསོ་དང་ལེགས་བཅོས། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་མ་ལག་འཛུགས་སྐྱོང་། སྤྱི་ཚོགས་དོ་དམ་འཛུགས་སྐྱོང་ལས་གྲྭ་སོགས་རྣམ་གྲངས73ཡོངས་སྒྲུབ་བྱེད་དགོས།

མིག་སྔར། གནོད་སྐྱོན་ཐེབས་ཚད་ཆུང་བ་དང་འབྲིང་བའི་ཞིང་དུད་10261དང་། བརྟན་དུ་བཟོ་བ་དང་ཉམས་གསོ་བྱེད་དགོས་པའི་དམངས་སྤྱོད་ཁང་པ་ཚང་མ་ལེགས་འགྲུབ་བྱུང་ཞིང་རྫོང་རིམ་པའི་ཞིབ་བཤེར་རྩེས་ལེན་བྱས་ཡོད། ཉི་ཤར་དང་སྐད་ཚག གཏོར་མ་རོང་། ལྔ་ཤོག་ཤང་། རྒྱལ་ཐང་གྲོང་རྡལ་བཅས་ཀྱི་བཤིག་པ་དང་བསྐྱར་སྐྲུན་བྱེད་དགོས་པའི་དམངས་སྤྱོད་ཁང་པའི་ལས་ཀ་ཁག་འབྲེལ་ཡོད་བླང་བྱ་ལ་གཞིགས་ནས་སྒྲུབ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག