མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྨན་ཁང་གིས་རིན་མི་དགོས་པར་སྨན་བཅོས་བརྟག་དཔྱད་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-16 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྨན་ཁང་གིས་དེང་སྐབས་སྤེལ་བཞིན་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ།  སྨན་བཅོས་མི་སྣ་ཁ་ཤས་རྩ་འཛུགས་བྱས་ནས་འབའ་ལུང་རྫོང་རྒྱལ་ཐང་གྲོང་རྡལ་དུ“མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་ཞབས་འདེགས་ཞུ”བའི་རིན་མི་དགོས་པར་སྨན་བཅོས་བརྟག་དཔྱད་བྱ་འགུལ་སྤེལ།  སྨན་བཅོས་བརྟག་དཔྱད་བྱ་འགུལ་འདི་ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གི་གྲུབ་པ་དང་།  དེའི་ནང་སྨན་བཅོས་བརྟག་དཔྱད་ཚན་ཁག་སོ་སོའི་ཆེད་ལས་མཁས་པ་དང་།  བདག་སྐྱོང་མི་སྣ་སོགས་འདུས་ལ།  ཁོ་ཚོས་ལ་ལས་ནད་པའི་ཁྲག་ཚད་འཇལ་བ་དང་།  ལ་ལས་ནད་པའི་ན་ཚུལ་འདྲི་བ་བཅས་རིན་མི་དགོས་པར་སྨན་རྫས་དང་བདེ་ཐང་དྲིལ་བསྒྲགས་ཡིག་ཆ་སོགས་འགྲེམ་གཏོང་བྱས།

རྒྱུས་ལོན་པ་ལྟར་ན། དུས་ཡུན་ཉིན་གསུམ་རིང་གི་སྨན་བཅོས་བརྟག་དཔྱད་ཁྲོད།  སྨན་བཅོས་རུ་ཁག་དང་ས་དེའི་སྨན་བཅོས་མི་སྣ་བར་སེམས་བློ་བརྗེ་རེས་དང་གསོ་སྦྱོང་བྱས་པ་མ་ཟད།  ཉིན་དེའི་སྨན་བཅོས་བརྟག་དཔྱད་ཁྲོད་མང་ཚོགས150སྣེ་ལེན་བྱས་པ་དང་སྨན་རྫས་ཁ་ཤས་ཞལ་འདེབས་སུ་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག