མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

བདེ་ཆེན་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཞུང་སྤྱོད་རླངས་འཁོར་གྱི་དོ་དམ་ཞིབ་ཕྲར་བཟོས་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2014-04-15 10:26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གསར་སྤེལ་ཁུལ་གྱིས་སྔ་མོར་གཏན་འབེབས་བྱས་པའི་གཞུང་སྤྱོད་རླངས་འཁོར་དོ་དམ་བྱ་ཐབས་ཀྱི་རྨང་གཞིའི་ཐོག་སྔར་ལས་ལྷག་པར་ཞིབ་ཕྲ་དང་ལེགས་སྒྲིག་བྱས་ནས་དཔར་འགྲེམ་དང་བརྡ་ཐོ་བཀོད་པ་དང་། གཞུང་སྤྱོད་རླངས་འཁོར་ཚང་མ་གཅིག་གྱུར་གྱིས་ལས་ཁུངས་ལས་དོན་དོ་དམ་ལྟེ་གནས་ཀྱིས་དོ་དམ་སྒྲིག་སྦྱོར་བྱེད་དགོས་པར་གཏན་འབེབས་བྱས། ནན་ཏན་གྱིས་གཞུང་སྤྱོད་རླངས་འཁོར་གྱི་འགྲོ་སྒོ་ཆེས་ཉུང་དུ་གཏོང་བ་ཁག་ཐེག་བྱས་ཏེ། “གཞུང་ལས་ཀྱི་འགྲོ་སོང་ཁག་གསུམ”གྲོན་ཆུང་གཏོང་བར་གྲུབ་འབྲས་ཆེས་ལེགས་པ་ཐོབ་པར་བརྩོན་ལེན་བྱེད་དགོས།

《བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་གཞུང་སྤྱོད་རླངས་འཁོར་གྱི་དོ་དམ་བསྒྱུར་བཅོས་ཇུས་གཞི》ལ་གཞིགས་ནས། ཁུལ་འདིས་གཞུང་སྤྱོད་རླངས་འཁོར་ཚང་མ་ལ་ནན་པོ་དང་ཞིབ་ཕྲ། ཚད་གཞི་ཅན་གྱི་དོ་དམ་བྱས་པ་དང་ཏན་ཁེལ་གནས་སུ་སྣུམ་སྣོན་པ། གཏན་ཁེལ་གནས་སུ་ཉམས་གསོ་བྱེད་པ། གཏན་འཁེལ་གནས་སུ་འགན་བཅོལ་ལ་ཞུགས་པའི་བླང་བྱ་བཏོན་པ། ཆེད་མིས་ཆེད་སྤྱོད་ཀྱི་གཞུང་སྤྱོད་རླངས་འཁོར་བེད་སྤྱོད་ལམ་ལུགས་མེད་པར་བཟོ་བ། ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཚང་མ་(འགོ་ཁྲིད་གཏོགས་པ)རྒྱུན་ཅན་གཞུང་ལས་བྱེད་སྒོ་ལས་གཞན། གཞུང་སྤྱོད་རླངས་འཁོར་སྤྱོད་མི་ཆོག དམིགས་བསལ་གྱི་གནས་ཚུལ་འཕྲད་ན་འབྲེལ་ཡོད་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་རྗེས་ད་གཟོད་སྤྱོད་ཆོག་པ་རེད།

ཇུས་གཞིའི་ཐོག ལས་ཁུངས་ལས་བྱེད་པས་དུས་རྒྱུན་དུ་གཞུང་ལས་བསྒྲུབས་རྐྱེན་བྱུང་བའི་འགྲིམ་འགྲུལ་གྱི་འགྲོ་སོང་སིལ་པོ་སོགས་ལ་དམིགས་ནས། གནས་སྐབས་སུ་གཞུང་ལས་བྱེད་སྒོའི་གྲོན་དངུལ་ནས་འགྲོ་སོང་གཏོང་དགོས་པ་དང་། ལས་ཁུངས་ལས་བྱེད་མི་སྣ་རེ་རེར་ཟླ་རེ་ལ་སྒོར 200ཡི་འགྲིམ་འགྲུལ་གསབ་དངུལ་སྤྲོད་པའི་གཏན་ཁེལ་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག