མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཡུན་ནན།

ན་ནིང་བདེ་ཆེན་ཁུལ་གྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི17.38ལ་སླེབས་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-14 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཚེས12ཉིན་བསྡུས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཞིང་སྡེ་བྱ་བའི་གྲོས་ཚོགས་ལས་ཤེས་གསལ་བྱུང་བ་ལྟར་ན། 2013ལོར་ཁུལ་ཡོངས་ཀྱི་ཞིང་ལས་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར17.4ལ་སླེབས་ཡོད་པ་དང་།  དུས་མཉམ་ལས7.4%ཡར་འཕར།  འབྲུ་རིགས་ཐད་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི17.38ལ་སླེབས་ཡོད་པ་དང་དུས་མཉམ་ལས1.87%ཡར་འཕར། ཞིང་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོར5571ལ་སླེབས་ཡོད་པ་དང་དུས་མཉམ་ལས16.8%ཡར་འཕར་ཡོད་པས།  ཞིང་སྡེའི་ཞིང་ལས་བྱ་བར་ཚན་རིག་གི་འཕེལ་རྒྱས་དང་འཆམ་མཐུན་འཕེལ་རྒྱས།  ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བཅས་མངོན་འགྱུར་བྱུང་ཡོད་པ་དང་།  དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་ཐོབ།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག